གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

སྤེལ་དུས 2018-09-11 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ཟླ9བའི་ཚེས10ཉིན། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 
          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས10ཉིན། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་གི་ཡང་དག་པའི་འགོ་ཁྲིད་འོག ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྐང་འཛུགས་པ་དང་སློབ་གསོའི་ཆོས་ཉིད་བསྲུང་བྱ་བྱས་ཏེ་བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་མི་སེམས་གཅིག་སྒྲིལ་དང་མི་ཤུགས་གསར་སྤེལ། ཤེས་ལྡན་མི་སྣ་སྐྱེད་སྲིང་། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བྱ་བའི་དམིགས་འབེན་དུ་བརྩིས་ནས། ཀུན་སྤྱོད་དང་ཤེས་རིག མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་འཕེལ་རྒྱས་སུ་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་སྐྱེད་སྲིང་བྱེད་པ་དང་། སློབ་གསོ་དེང་རབས་ཅན་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། མི་དམངས་ཡིད་ཚིམས་པའི་སློབ་གསོ་བཟང་བོ་སྒྲུབ་དགོས་ཟེར།
          ལིས་ཁི་ཆང་གིས་ཚོགས་ཆེན་སྟེང་གསུང་བཤད་གནང་བ་དང་ཝང་དབྱང་དང་ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་ཚོགས་ཆེན་ལ་ཞུགས།
          ཚེས་བཅུ་ཉིན་ནི་རང་རྒྱལ་གྱི་དགེ་རྒན་དུས་ཆེན་ཐེངས་སོ་བཞི་བ་ཡིན་པས། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོ་བྱ་བ་སྒྲུབ་མཁན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་གནང་། ཁོང་གིས་གསུངས་རྒྱུར། དུས་ཡུན་རིང་བོར་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ་རང་རང་གི་ལས་གནས་སུ་དཀའ་སྤྱད་འབད་བརྩོན་སྒོས་བྱ་བ་བསྒྲུབས་ནས་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་སྤེལ་ཐད་ལ་བྱས་རྗེས་ཆེན་པོ་བཞག དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་སྐྲུན་མཁན་ཡིན་པ་དང་མིའི་རིགས་ཀྱི་དཔལ་ཡོན་རྒྱུན་འཛིན་མཁན་ཡིན་པས། ཤེས་བྱ་སྒྲོག་སྤེལ་དང་བསམ་བློ་སྒྲོག་སྤེལ། བདེན་ལུགས་སྒྲོག་སྤེལ་བྱེད་པའི་ལས་འགན་ཡོད་པར་མ་ཟད་བློ་སྲོག་གསར་སྐྲུན་དང་ཚེ་སྲོག་གསར་སྐྲུན། མི་གསར་བ་གསར་སྐྲུན་བྱེད་པའི་དུས་རབས་ཀྱི་འགན་འཁྲི་ཡོད། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་བོ་དར་སྤེལ་བྱེད་པ་དང་ཧུར་ཐག་སྒོས་དགེ་རྒན་གྱི་ཆབ་སྲིད་གོ་གནས་དང་སྤྱི་ཚོགས་གོ་གནས། ལས་རིགས་གོ་གནས་བཅས་ཇེ་མཐོར་བཏང་ནས། རྒྱ་ཆེའི་དགེ་རྒན་རྣམས་ལ་སྤྱི་ཚོགས་སྟེང་གི་སྙན་གྲགས་ལོངས་སུ་སྤྱོད་དུ་འཇུག་དགོས་པར་མ་ཟད་མི་སྣ་སྐྱེད་སྲིང་བྱེད་པའི་ལས་གནས་སུ་ཏང་དང་མི་དམངས་ཀྱི་ལས་དོན་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།
          ཞི་ཅིན་ཕིང་གིས་གསུངས་རྒྱུར། མི་ཅི་ལྟ་བུ་ཞིག་སྐྱེད་སྲིང་བྱེད་པ་ནི་སློབ་གསོའི་གནད་དོན་གཙོ་བོ་ཡིན། རང་རྒྱལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཡིན་པས།  ང་ཚོའི་སློབ་གསོས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་སྐྱེད་སྲིང་བྱེད་པ་དེ་རྩ་བའི་ལས་འགན་དུ་བརྩིས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བརྩི་བཀུར་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེད་དུ་མི་ཚེ་གང་བོར་འབད་འཐབ་བྱེད་པའི་ཤེས་ལྡན་མི་སྣ་རབ་དང་རིམ་པ་སྐྱེད་སྲིང་བྱེད་དགོས། དེ་ནི་སློབ་གསོ་བྱ་བའི་གཞི་རྩའི་ལས་འགན་ཡིན་པ་དང་སློབ་གསོ་དེང་རབས་ཅན་གྱི་ཁ་ཕྱོགས་དམིགས་འབེན་ཡང་ཡིན་ཟེར།
ལིས་ཁི་ཆང་གིས་གསུང་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་དེ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ་སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་གནས་བབ་གསར་བ་དང་ལས་འགན་གསར་བ་གསལ་བོར་ཤེས་པར་བྱེད་པ་དང་། སློབ་གསོ་ཐོག་མར་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ཐད་ནས་ཐོག་མར་སློབ་གསོ་བཀོད་སྒྲིག་བྱེད་པ་དང་ནོར་སྲིད་དངུལ་གཏོང་ཐད་ནས་ཐོག་མར་སློབ་གསོ་འགན་སྲུང་བྱེད་པ། སྤྱི་ཐུན་ཐོན་ཁུངས་སྒྲིག་སྦྱོར་ཐད་ནས་ཐོག་མར་སློབ་གསོ་དང་མི་ཤུགས་ཐོན་ཁུངས་གསར་སྤེལ་གྱི་དགོས་མཁོ་སྐོང་དགོས། དེ་དང་མཉམ་དུ་སློབ་སྔོན་སློབ་གསོ་དང་མཐོ་འབྲིང་དུས་སྐབས་ཀྱི་སློབ་གསོ། མི་རིགས་སློབ་གསོ། དམིགས་བསལ་སློབ་གསོ། རྒྱུན་མཐུད་སློབ་གསོ་སོགས་རིགས་མི་འདྲ་བའི་སློབ་གསོ་འཕེལ་རྒྱས་སུ་འགྲོ་བར་མཐོང་ཆེན་བྱེད་དགོས་ཟེར།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་ཚོགས་ཆེན་ཞུགས།