གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བཟོ་རིག་མཛེས་རྩལ་བརྩམས་ཆོས་900ལྷག་ལ་མཚར་སྟུག་འོད་སྟོང་འབར་བའི་སྙན་གྲགས་རྒྱས།

སྤེལ་དུས 2018-09-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
འགྲེམ་སྟོན་ཡུལ་དངོས།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2018ལོའི་ཀྲུང་གོའི་དེང་རབས་བཟོ་རིག་མཛེས་རྩལ་གྱི་ལོ་གཉིས་འགྲེམས་སྟོན་དེ། ཉེ་ཆར་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས། ཀྲུང་གོའི་དེང་རབས་བཟོ་རིག་མཛེས་རྩལ་གྱི་ལོ་གཉིས་འགྲེམས་སྟོན་དེ་2012ལོ་དང་2014ལོ། 2016ལོར་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ། སྐབས་གསུམ་ལ་རྒྱལ་ཁའི་ངང་འགྲེམས་སྟོན་བྱས་ཤིང་།དེང་རབས་བཟོ་རིག་མཛེས་རྩལ་གྱི་གསར་རྩོམ་གྱི་ཆུ་ཚད་མཚོན་པའི་རྒྱལ་ཁབ་རིམ་པའི་སྤྱི་ཕན་རང་བཞིན་གྱི་འགྲེམས་སྟོན་ཞིག་ཡིན།
ཀ་བེད་བརྐོས་རིས་《ཁྱེད་ཀྱི་དགེ་སེམས།》 རྩོམ་པ་པོ་མཱ་ཅང་ཧུང་།
          ཐེངས་འདིའི་ལོ་གཉིས་འགྲེམས་སྟོན་གྱིས་“མཚར་སྡུག་འོད་སྟོང་འབར་བའི་བརྩམས་ཆོས་གྲགས་ཅན་བསྐྲུན་པ་”བརྗོད་བྱ་གཙོ་བོར་བྱས་ཏེ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བཟོ་རིག་སྒྱུ་རྩལ་ཆེན་མོ་བ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ། བཟོ་རིག་མཛེས་རྩལ་གསར་རྩོམ་མི་སྣ་དར་གཞོན་གྱིས་གསར་རྩོམ་བྱས་པའི་བརྩམས་ཆོས་ཕུལ་བྱུང་900ལྷག་འགྲེམས་སྟོན་དུ་ཞུགས།
ཟངས་གསེར་གྱི་ཅོད་པན། རྩོམ་པ་པོ་ནོར་བུ་དགྲ་འདུལ།
          འགྲེམས་སྟོན་ལེ་ཚན་ཆེན་པོ་གཉིས་སུ་བགོས་ཡོད། ཚན་པ་དང་པོར་“གནའ་བོ་རྒྱུད་འཛིན་དང་དེང་རབས་གསར་གཏོད་གྱིས་བཟོ་རྩལ་།” གཡང་ཊི། རྡོ་བརྐོས། སྨྱུག་མའི་བརྐོས་བྲིས། བཟོ་རྩལ་ཁྱིམ་ཆས་སོགས་ཡོད། ཚན་པ་གཉིས་པར་“མེ་སྟག་རྒྱུད་འཛིན་གྱིས་གཟི་དཔལ་ངོམ།” གཙོ་བོ་རྫ་ཆས། བཀྲག་རྩིའི་རི་མོ། ཚོས་རས་འཚེམ་དྲུབ། ལྕགས་རིགས་བཟོ་རྩལ། ཐང་ཀ  ཤེལ་གྱི་རིགས་སོགས་ཡོད།
དངུལ་དང་ཟངས་གསེར་གྱི་མཆོད་གཤོམ། རྩོམ་པ་པོ་ཚུན་ཧྥ་པུའོ།
          ཐེངས་འདིའི་འགྲེམས་སྟོན་ལ་གཞོགས་འདེགས་བྱ་ཆེད། ཀྲུང་གོའི་བཟོ་རིག་མཛེས་རྩལ་ཁང་གིས་“མཚར་སྡུག་འོད་སྟོང་འབར་བའི་བརྩམས་ཆོས་གྲགས་ཅན་བསྐྲུན་པའི་”བརྗོད་དོན་ལ་དམིགས་ཏེ་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་བརྩམས་ཆོས་རྩ་ཆེན་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ད་ལྟའི་བར་གྱི་དུས་སྐབས་ཁག་གི་འབྲེལ་ཡོད་བཟོ་རིག་མཛེས་རྩལ་མཁས་པ་དང་སྒྱུ་རྩལ་གྱི་ཚབ་མཚོན་བརྩམས་ཆོས་འགྲེམས་སྟོན་བྱས།
བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ཕབ་པའི་དངུལ་གྱིས་ཤན་པའི་ཤིང་ཕོར། རྩོམ་པ་པོ་ཧི་མཱན།
          འགྲེམས་སྟོན་གྱིས་ཀྲུང་གོའི་སྲོལ་རྒྱུན་གྱི་བཟོ་རིག་མཛེས་རྩལ་དེ་ད་ལྟར་རྒྱུན་འཛིན་དང་འཕེལ་རྒྱས་བྱས་པ་གང་ལེགས་ཀྱིས་མཚོན་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་ཏུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། དེང་རབས་བཟོ་རིག་མཛེས་རྩལ་བྱ་གཞག་གྱི་འཕེལ་རྒྱས་ལ་དཔེ་སྟོན་སྣེ་ཁྲིད་རང་བཞིན་དང་། ཁྲིད་སྟོན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས།
དངུལ་དཀར་ལྷད་མེད་ཀྱིས་རྡུང་བའི་བོད་ལུགས་ཇ་ཕོར། རྩོམ་པ་པོ་ཏོན་ལིག་ཡུས།
          ཐེངས་འདིར་འགྲེམས་སྟོན་བྱས་པའི་བརྩམས་ཆོས་ཀྱི་སྤུས་ཚད་དང་བཟོ་ལྟ་ཁྱད་དུ་འཕགས་ཤིང་། དུས་རབས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གསར་རྩོམ་གྱི་ཉམས་འགྱུར་གྱིས་ཀུན་ནས་ཕྱུག་པས་དེང་རབས་ཀྲུང་གོའི་བཟོ་རིག་མཛེས་རྩལ་གསར་རྩོམ་གྱི་ཆུ་ཚད་མཐོ་ཤོས་དང་། གྲུབ་འབྲས་གསར་པ་མཚོན། དུས་མཚུངས་སུ་རྒྱལ་ཁབ་ཀྱིས་མངོན་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ལས་ཀར་ཐོབ་པའི་གྲུབ་འབྲས་འབུར་དུ་མངོན་ཡོད།
རྡོ་ཚོན་གྱིས་བྲིས་པའི་སྐུ་བརྙན། རྩོམ་པ་པོ་མཱ་ཅང་ཧུང་།
ཟངས་སྐུད་ཚོན་བྲིས། 《རྒྱལ་བ་སོ་དྲུག》(ཆ་ཤས།)  རྩོམ་པ་པོ་ཧྲི་མིན།