གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གངས་ལྗོངས་སུ་ལོ་ངོ་བཞི་བཅུ་རིང་རྐང་ཚུགས་ནས་བསྡད་པའི་ཧན་ཧྲུའུ་ལིའི་མཛད་རྗེས།

སྤེལ་དུས 2018-09-12 ཡོང་ཁུངས། ཀྲུང་གོའི་བོད་ལ྅ཇོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
          ཀྲུང་གོ་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། 1973ལོར་ཧན་ཧྲུའུ་ལི་དམག་སྡེ་མཐའ་མཚམས་སྲུང་བའི་ཧེ་ལུང་ཅང་འགྲམ་ནས་གངས་ལྗོངས་ས་མཐོར་ཡོང་ཞིང་། དེ་ནས་བཟུང་རང་ཉིད་ཀྱི་མི་ཚེའི་རྩ་བ་དང་སྒྱུ་རྩལ་གྱི་རྩ་བ་བོད་ལྗོངས་ཀྱི་ས་མཐོའི་ཡུལ་གྲུ་འདིའི་སྟེང་རྐང་ཚུགས་པ་རེད། ལོ་ངོ45རིང་། ཁོས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་བརྩེ་དུང་ཟབ་མོ་བཅངས་སྟེ་གངས་ལྗོངས་ས་མཐོའི་རི་ཆུ་ཀླུང་གསུམ་དང་། ཞིང་ཁ་དང་ཞིང་པའི་ཁང་པ་དང་སྦྲ་གུར་སོགས་གང་སར་ཟབ་ཞུགས་བྱས་ཏེ་མཛེས་རྩལ་གྱི་བརྩམས་ཆོས་མང་པོ་ཞིག་གསར་རྩོམ་བྱས་ཏེ། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་བདེ་སྐྱིད་དང་མཛེས་སྡུག་ལ་བཅངས་པའི་འཚོལ་སྙེག་དེ་མི་རྣམས་ཀྱི་མིག་མདུན་དུ་མངོན་པ་དང་། རྒྱ་ཆེ་བའི་བོད་ལྗོངས་ཀྱི་ཕུལ་བྱུང་རིག་གནས་འཛམ་གླིང་གི་ས་གནས་གང་སར་ཁྱབ་སྤེལ་བྱས། 

རི་མོ་འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་དར་ཚོན་འབྲེག་པའི་མཛད་སྒོ་སྤེལ་བའི་རྣམ་པ་རེད།
          ཟླ9པའི་ཚེས9ཉིན་གྱི་སྔ་དྲོ། “ལོ་ངོ་ཞེ་ལྔའི་ཆར་རླུང་ཁྲོད་ནས། སྣག་བྲིས་ཀྱི་བརྩེ་སེམས་གངས་ལྗོངས་སུ་གཏོར། ཧན་ཧྲུའུ་ལིའི་ནག་བྲིས་རི་མོའི་ལྟ་སྦྱོང་གཟིགས་དཔྱད་འགྲེམས་སྟོན”ཞེས་པ་དེ་བོད་ལྗོངས་ལྷ་སར་སྤེལ་བ་རེད། ས་གནས་ས་ཐོག་ཏུ་ཧན་ཧྲུའུ་ལིས་བོད་ལྗོངས་བརྗོད་གཞི་བྱས་ཏེ་སྣག་ཚས་བྲིས་པའི་རི་མོའི་བརྩམས་ཆོས56འགྲེམས་སྟོན་བྱས། བརྩམས་ཆོས་སུ་ནང་ལོག་དང་བོད་ལྗོངས་ཀྱི་རིག་གནས་དང་སྒྱུ་རྩལ་གྱི་གཞི་རྒྱུ་བསྡུ་ལེན་བྱས་ཡོད་པར་མ་ཟད། ནུབ་ཕྱོགས་ཀྱི་དངོས་བྲིས་སྒྱུ་རྩལ་དང་ཤར་ཕྱོགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་གྱི་སྙིང་བཅུད་ལའང་དཔེ་ལྟ་ས་བྱས་ཏེ་མངོན་གསལ་དོད་པའི་ས་ཁོངས་ཀྱི་ཁྱད་ཆོས་དང་རང་གཤིས་གསལ་བོར་མངོན་ཞིང་། དེས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ40སོང་རིང་བོད་ལྗོངས་ཀྱི་མཛེས་རྩལ་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་གནས་ཚུལ་ཕྲན་བུ་བདེན་དཔང་བྱས། 

རི་མོ་འདི་ནི་འགྲེམས་ཁང་ནང་ལྟ་སྐོར་བས་ལག་ཏུ་ཡོང་བའི་ཧན་ཧྲུའུ་ལིའི་ནག་བྲིས་རི་མོ་བསྡུ་གསོག་བྱེད་བཞིན་པའི་རྣམ་པ་རེད།
          ལོ་ངོ45རིང་གི་རི་མོའི་གསར་རྩོམ་ནི་ཧན་ཧྲུའུ་ལིར་རང་གི་དམིགས་བསལ་གྱི་རི་མོ་འབྲི་བའི་ཉམས་སྲོལ་གྲུབ་ཡོད་པ་དེ་ནི“ཧན་ལུགས་རིས་ནག”ཡིན་ཞིང་། དེས་བོད་ལྗོངས་ཀྱི་རི་མོའི་སྒྱུ་རྩལ་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་རི་མོའི་སྒྱུ་རྩལ་ལ་གསོན་ཤུགས་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་བྱ་བར་ལྟ་ན་སྡུག་པའི་གཟི་མདངས་ཤིག་བསྣན་ཡོད། ལོ་ངོ་མང་པོའི་རིང་། ཧན་ཧྲུའུ་ལིས་རང་ཉིད་ཀྱི་སྒྱུ་རྩལ་གསར་རྩོམ་རྒྱུན་འཁྱོངས་བྱ་བའི་དུས་མཚུངས་སུ་ད་དུང་བོད་ལྗོངས་ཀྱི་རི་མོའི་སློབ་གསོའི་བྱ་གཞག་ཐད་གཞོལ་མེད་དུ་བོད་ལྗོངས་རང་སའི་རི་མོ་མཁས་ཅན་འབོར་ཆེན་ཞིག་གསོ་སྐྱོང་བྱས་པ་དང་། དེ་ལས་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་བོད་ལྗོངས་ཀྱི་རི་མོའི་བྲིས་ལུགས་ཤིག་ཆགས་ཡོད། 

རི་མོ་འདི་ནི་ཧན་ཧྲུའུ་ལིའི་བརྩམས་ཆོས《མའོ་ཀྲུའུ་ཞི་ཡིས་མི་མངགས་གནང་བྱུང》ཞེས་པ་དེ་རེད། 
          གཟིགས་དཔྱད་འགྲེམས་སྟོན་བྱ་ཡུལ་དུ་ལྟ་སྐོར་བྱེད་དུ་ཡོང་བའི་རི་མོ་བ་མི་ཉུང་བ་ཞིག་ནི་ཧན་ཧྲུའུ་ལིའི་སློབ་མ་དང་ཡང་ན་དུས་སྐབས་ངེས་ཅན་ཞིག་རིང་སློབ་ཁྲིད་བྱས་མྱོང་བའི་སློབ་མ་རེད།   "1973 ལོར། ངས་བོད་རང་སྐྱོང་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་དགེ་རྒན་ཧན་ཧྲུའུ་ལིར་ཐེངས་དང་པོ་མཇལ་ཏེ་དགེ་རྒན་དུ་བསྟེན་ཞིང་། ང་ཚོ་མཉམ་གཅིག་ཏུ་གཞི་རིམ་དུ་སོང་སྟེ་ངས་ཁོར་ཡུལ་སྐོར་སྣེ་ཤན་དང་ལོ་ཙཱ་བྱས་པ་ཡིན། ལོ་ངོ30ལྷག་རིང་། ངས་ཐོག་མཐའ་བར་གསུམ་དུ་དགེ་རྒན་ཧན་ལགས་ཀྱི་རི་མོའི་འབྲི་རྩལ་ལ་སློབ་སྦྱོང་བྱས་ཤིང་། ད་ལྟ་ཡང་ཁོའི་སློབ་མ་ཡིན། རྒན་ཧན་ལགས་ཀྱིས《མའོ་ཀྲུའུ་ཞིས་མི་མངགས་གནང་བྱུང》གསར་རྩོམ་གནང་སྐབས། ངས་ཁོའི་འགྲམ་དུ་སློབ་སྦྱོང་བྱས་ཤིང་། དེར་བརྩམས་ཆོས་སྣ་རྐྱང་གསར་རྩོམ་བྱེད་པའི་ཐབས་རྩལ་དང་བྱེད་ཐབས་འགའ་སྦྱངས་ཏེ་ང་ལ་ད་ལྟའི་བར་དུ་ཕན་ཐོགས་ཆེན་པོ་བྱུང་”ཞེས་བོད་ལྗོངས་ཀྱི་ན་གཞོན་རི་མོ་མཁས་ཅན་འཇིགས་མེད་འཕྲིན་ལས་ཀྱིས་དེ་ལྟར་བཤད། 

རི་མོ་འདི་ནི་ཧན་ཧྲུའུ་ལིའི་བརྩམས་ཆོས《སློབ་གྲྭར་འགྲོ》ཞེས་པ་དེ་རེད། 
          ན་གཞོན་རི་མོ་མཁས་ཅན་དགའ་བདེའང་ཧན་ཧྲུའུ་ལིའི་སློབ་མ་མང་པོའི་གྲས་ཀྱི་གཅིག་ཡིན་ཞིང་། ལོ་བཅུ་ལྷག་ཙམ་ནས་ཧན་ཧྲུའུ་ལིའི་རྗེས་འབྲངས་ཏེ་རི་མོ་སྦྱངས་པའི་ཁོ་ནི་དགེ་རྒན་ལ་བཀའ་དྲིན་གྱི་བརྩེ་བ་ཟབ་མོ་ཡོད་དེ། “དགེ་རྒན་ཧན་ལགས་ཀྱིས་ངར་སྒེའུ་ཁུང་ཞིག་ཕྱེས་ཤིང་། སྒེའུ་ཁུང་འདི་ནི་ཕྱི་རོལ་དུ་ལྟ་བ་མ་ཡིན་པར་ནང་དུ་ལྟ་བ་དེ་ཡིན། དགེ་རྒན་ཧན་ལགས་བརྒྱུད་དེ་ངས་ད་གཟོད་རང་མི་རིགས་ཀྱི་རིག་གནས་ལ་རྒྱུས་ལོན་ཆེན་པོ་བྱུང་། དགེ་རྒན་ཧན་ལགས་ཀྱིས་ང་ཁོ་ན་མ་ཡིན་པར་བོད་ལྗོངས་ཀྱི་རི་མོའི་རྣམ་པ་གསར་པར་གོང་མཐུད་འོད་འདྲེན་གྱི་ནུས་པ་ཞིག་ཐོན་ཡོད་ཅིང་། ཁོས་ལོ་ངོ་འདི་དག་རིང་ང་ལ་ཤུགས་རྐྱེན་ཆེ་པོ་ཐེབས་པ་དང་ཁྲིད་སྟོན་གལ་ཆེན་གང་མང་བྱས་ཡོད་པས། ངས་ཀྱང་མུ་མཐུད་དུ་རང་ཉིད་ཀྱི་སློབ་མ་རྣམས་ལ་ཤུགས་རྐྱེན་ཐེབས་སུ་བཅུག་ནས་དགེ་རྒན་ཧན་ལགས་ཀྱི་སྒྱུ་རྩལ་གྱི་འདུ་ཤེས་རྒྱུན་འཛིན་ལེགས་པོ་བྱ་རྒྱུ་ཡིན”ཞེས་བཤད། 

རི་མོ་འདི་ནི་ཧན་ཧྲུའུ་ལིའི་བརྩམས་ཆོས《བྱིས་པའི་བསམ་བློ》ཞེས་པ་དེ་རེད།
          རི་མོ་བ་མང་པོའི་བསྟོད་བསྔགས་བྱས་པར་ཧན་ཧྲུའུ་ལིས་རང་ཉིད་ནི་ད་གཟོད་ཕན་ཐོགས་ཆེས་ཐོབ་སའི་མི་དེ་ཡིན་པ་དང་། བོད་ཀྱི་རིག་གནས་ཀྱིས་ང་རང་གསོས་ཏེ་ང་རང་ལ་གྲུབ་འབྲས་འཐོབ་ཏུ་བཅུག བོད་ལྗོངས་མི་དམངས་ཀྱིས་ང་རང་དང་ལེན་བྱས་ཏེ་ང་ལ་རོགས་རམ་བྱས་ཞེས་བཤད། “བོད་ལྗོངས་སུ་ཡོང་ནས་ལོ་བཅུ་ཕྲག་ཁ་ཤས་འགོར་སོང་། བོད་ལྗོངས་མི་དམངས་ཀྱིས་ང་ལ་རོགས་རམ་མང་པོ་གནང་སྟེ་ང་རང་བོད་ཀྱི་རིག་གནས་ལ་ཆ་མེད་རྒྱུས་མེད་ཅིག་ནས་རིམ་བཞིན་རྒྱུས་ལོན་བྱུང་བར་མ་ཟད། ངས་རྒྱུས་ལོན་བྱུང་བའི་བོད་ཀྱི་རིག་གནས་དེ་རི་མོའི་ནང་དུ་བཀོལ་སྤྱོད་བྱས་རྗེས་ད་གཟོད་དེ་རིང་གི་རི་མོའི་བརྩམས་ཆོས་འདི་དག་ཡོད་པ་རེད། ངས་བྲིས་པའི་བོད་ལྗོངས་ད་རུང་ཤིན་ཏུ་ཉུང་ཞིང་། བོད་ལྗོངས་རང་སའི་དམངས་ཁྲོད་ཀྱི་རི་མོ་མཁས་ཅན་དང་བསྡུར་ན་ང་རང་ལ་ད་རུང་མི་འདང་ས་མང་པོ་ཡོད་པ་རེད། བོད་ཀྱི་རིག་གནས་ཁྲོད་དུ་སིམ་པ་ད་རུང་མི་འདང་། ད་ལྟ་ང་དང་བོད་ལྗོངས་ཀྱི་ན་གཞོན་རི་མོ་མཁས་ཅན་བར་ནི་སློབ་ཁྲིད་དང་དགེ་སློབ་ཀྱི་འབྲེལ་བ་ཡིན་ཞིང་། ང་ལ་ཁོ་ཚོའི་ལུས་སྟེང་ནས་འཐོབ་པའི་དངོས་པོ་ནི་ངས་ཁོ་ཚོར་བྱིན་པ་ལས་ཧ་ཅང་གིས་མང་བ་ཡིན”ཞེས་ཧན་ཧྲུའུ་ལིས་སྐད་ཆ་དྲང་མོར་བཤད་པ་རེད། 

རི་མོ་འདི་ནི་ཧན་ཧྲུའུ་ལིས་ཡུལ་དངོས་སུ་གཏམ་བཤད་གནང་བའི་རྣམ་པ་རེད།
          ཧན་ཧྲུའུ་ལིའི་ངོ་སྤྲོད་མདོར་བསྡུ། 1973ལོར་བོད་ལྗོངས་སུ་ཡོང་ནས་ད་ལྟའི་བར་དུ་སློབ་སྦྱོང་དང་ཕྱག་ལས་གནང་བ་རེད། དེ་སྔ་ཀྲུང་གོ་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན་དང་། བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི། བོད་ལྗོངས་ཡིག་རིས་གླིང་གི་འགོ་འཛིན་དང་། བོད་ལྗོངས་མཛེས་རིས་ཁང་གི་འགོ་འཛིན། ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་། ཀྲུང་གོའི་མི་རིགས་རི་མོའི་སློབ་གླིང་གི་ཡོན་ཀྲང་གཞོན་པ། ཨའོ་མོན་མཛེས་རྩལ་མཐུན་ཚོགས་ཀྱི་སྒྱུ་རྩལ་བློ་འདྲི་ས་བཅས་ཀྱི་འགན་འཁུར། 
          བརྩམས་ཆོས《སྤང་རྒྱན་མེ་ཏོག》ལ་རྒྱལ་ཡོངས་རི་མོ་འགྲེམས་སྟོན་སྐབས་དྲུག་པའི་གསེར་གྱི་བྱ་དགའ་དང་། བོད་ལྗོངས་ཇོ་མོ་གླང་མའི་རིག་རྩལ་སྐབས་དང་པོའི་ཐེབས་རྩའི་བྱ་དགའ་ཐོབ་་པ་རེད། 《འཇའ་ཚོན་དང་སྤྲིན》(འབར་མ་བཀྲ་ཤིས་དང་མཉམ་རྩོམ་བྱས)ཞེས་པར་རྒྱལ་ཡོངས་རི་མོའི་འགྲེམས་སྟོན་སྐབས་དྲུག་པའི་དངུལ་གྱི་བྱ་འགའ་ཐོབ། 《ཡང་ཀོན》ཞེས་པར་ཧོང་ཀྲོའུ་མཛེས་རྩལ་ཐེབས་རྩའི་དམིགས་བསལ་ལེགས་སྐྱེས་ཀྱི་བྱ་དགའ་ཐོབ་པ་་དང་། 《སངས་རྒྱས་དང་རྒྱ་གར》ཞེས་པར་ཁ་ན་ཏའི་རྒྱལ་སྤྱིའི་སྣག་བྲིས་འགྲེམས་སྟོན་ཆེ་མོ་སྐབས་དང་པོའི་གསེར་གྱི་ལོ་མའི་བྱ་དགའ་འཐོབ། 1995 ལོ་ནས1996ལོའི་བར། ལོ་རྒྱུས་ཀྱི་སྣུམ་ ་མཚོན་རི་མོ་ཆེ་གྲས《གསེར་བུམ་དཀྲུགས་འདོན》བརྩམས་པའི་ནང་དུ་ཞུགས་པ་དང་། 2007ལོ་ནས་2009ལོའི་བར་དུ། རྒྱལ་ཁབ་ཀྱི་གལ་ཆེའི་ལོ་རྒྱུས་བརྗོད་དོན་བྱས་པའི་རི་མོའི་བརྩམས་ཆོས《ས་མཐོའི་སྤྲིན་བཟང་སྟེ། བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས》གསར་རྩོམ་བྱས་ཤིང་། ཀྲུང་གོའི་ཤེས་དཔལ་ལོ་རྒྱུས་སྙན་ངག་གསར་རྩོམ་གྱི་འགྲེམས་སྟོན་དུ《སེ་ཆེན་རྒྱལ་པོ་དང་འགྲོ་མགོན་འཕགས་པ》ཞེས་པའི་ཞིབ་འཇུག་བྱ་གཞི་གསར་རྩོམ་བྱས་ཏེ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་གཏན་དུ་ཉར་ཚགས་བྱས་པ་རེད།