ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཁྱད་ཆོས་ལེགས་ཆར་བསྒྱུར་བ་དང་། ལེགས་ཆ་ལས་ཕན་འབྲས་ཐོན་པ།

སྤེལ་དུས 2018-09-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།

          ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུ་མཐའ་འཁྱོངས་དང་། ཐོན་ཁུངས་དང་དགེ་མཚན་ཆེ་རིགས་ལ་གཞི་འཛུགས་པ། ཁྲོམ་རའི་དགོས་མཁོ་སྟོན་ཕྱོགས་སུ་འཛིན་པ་བཅས་བྱས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཐོན་ཁུངས་ཀྱི་ལེགས་ཆ་རིམ་བཞིན་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་པ་རེད། ས་སྐྱ་རྫོང་གིས་དེང་རབས་ཚན་རྩལ་གྲུབ་འབྲས་ཞིབ་འཇུག་ལ་བརྟེན་ནས། སྲོལ་རྒྱུན་གྱི་སྤོས་བཟོའི་ལག་རྩལ་གསར་སྤེལ་བྱས་ཏེ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་བ་མ་ཟད་ད་དུང་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ལས་གནས་མང་པོ་མཁོ་འདོན་བྱས་ཤིང་། འདི་ནི་ཉེ་ཆར་ས་སྐྱ་རྫོང་འཁོན་རྒྱུད་སྤོས་ཀྱི་རིག་གནས་ཐོན་ལས་ཚད་ཡོད་ཀུང་སིའི་ལས་བཟོས་སྤོས་ཐུམ་སྒྲིལ་རྒྱག་པའི་གནས་ཚུལ་ཡིན་པ།