ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

2018ལོའི་གཡང་མདའ་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུའི་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་ལྔ་པ་གཅན་ཚ་རྫོང་དུ་ཚོགས།

སྤེལ་དུས 2018-09-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རིན་ཆེན།

          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གོའི་མདའ་འཕེན་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། ཀྲུང་གུང་གཅན་ཚ་རྫོང་ཨུ་དང་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་བའི་2018ལོའི་གཡང་མདའ་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུའི་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་དེ་ཟླ་9པའི་ཚེས་18ཉིན་ནས་ཚེས་21ཉིན“ཀྲུང་གོའི་མི་རིགས་མདའ་རྩེད་ཀྱི་ཕ་ས”མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་དུ་འཚོགས་པ་རེད།
          སྐབས་འདིའི་གདན་ཞུའི་འགྲན་བསྡུར་ནི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ལག་བསྟར་དོན་འཁྱོལ་གནང་པ་དང་། ཞི་བདེ་དང་བསམ་ཕྱོགས་བརྗེ་རེས། གོ་བ་ལོན་པ། བཟོད་སྒོམ། མཉམ་ལས། མཉམ་རྒྱལ་བཅས་པའི་སྙིང་སྟོབས་གང་ལེགས་མཚོན་པ་དང་། “འཛམ་གླིང་གི་མི་རིགས་རིག་གནས་དར་སྤེལ་དང་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་སློང་བྱེད་པ། ས་མཐོའི་མཛེས་སྡུག་ལྡན་པའི་མཚོ་སྔོན་དུ་བསྐྱོད་དེ། མདའ་མོའི་ཕ་ས་གཅན་ཚ་འགྲེམ་ངོམས”བྱེད་པ་དམིགས་ཡུལ་དུ་བཟུང་སྟེ།  “སྲིད་གཞུང་གིས་སྒྲུབ་འགན་འཁུར་པ་དང་དམངས་ཡོངས་ནང་ཞུགས་བྱེད་རྒྱུ”དང“སྤྲོ་སེམས་འཁོལ་ཞིང་གྲོན་ཆུང་བྱེད་པ། ཉེན་ཁ་མེད་ཅིང་འཆམ་མཐུན་ཡིན་པ”བཅས་ཀྱི་རྩ་དོན་གཞིར་བཟུང་ཐོག  རིག་གནས་ཀྱི་དོན་སྙིང་ལྡན་ཞིང་ཐུན་མིན་ཁྱད་ཆོས་ཀྱིས་ཕྱུག་པའི་རྒྱལ་སྤྱིའི་མི་རིགས་མདའ་འཕེན་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡོང་རྒྱུར་བརྩོན་ལེན་བྱེད་རྒྱུ་མ་ཟད། ལུས་རྩལ་དང་རིག་གནས། ཡུལ་སྐོར་སྤྲོ་གསེང་། ཚོང་དོན་བཅས་གཞི་གཅིག་ཏུ་འདུས་པའི་ལྗང་མདོག་གི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་གཉེར་པ་དང་། གོ་སྐབས་འདི་དང་བསྟུན་མཛེས་སྡུག་ལྡན་པའི་མཚོ་སྔོན་དང་གཙན་ཚའི་མཚར་སྡུག་འགྲེམས་སྟོན་གང་ལེགས་དང་། ཕྱི་ཕྱོགས་སྒོ་འབྱེད་ལ་ཤུགས་སྣོན་དང་མཉམ་ལས་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ།  ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་མི་རིགས་ལུས་རྩལ་བྱ་གཞག་དང་ཐོན་ལས་འཕེལ་རྒྱས་མྱུར་པོ་ཡོང་པར་སྐུལ་འདེད་གཏོང་རྒྱུ་དེ་རེད ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡང་ཁྲོན་ཧྥིན་གྱིས་རེབ་འདིའི་མཚན་འཛིན་ཀྲུའུ་རེན་གྱི་འགན་བཞེས་པ་དང་། ཀྲུང་གུང་རྨ་ལྷོ་ཁུལ་ཨུད་ཀྱི་ཧྲུའུ་ཅི་ཝང་ཀྲེན་ཁྲང་གི་མཚན་འཛིན་ཀྲུའུ་རེན་གཞོན་པའི་འགན་བཞེས། ཀྲུང་གོ་མདའ་འཕེན་མཐུན་ཚོགས་ཀྱི་སྲོལ་རྒྱུན་ཨུ་ལྷན་གྱི་མཚན་འཛིན་ཀྲུའུ་ཞི་ཞུས་ཁའེ་ཚའེ་དང་ཁྲེན་ཤིན་ལུང་གཉིས་ཀྱིས་སྤྱི་ཁྱབ་བློ་འདོན་པ་དང་བློ་འདྲི་སའི་འགན་བཞེས། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མདའ་འཕེན་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཏང་ཨུད་ཧྲུའུ་ཅི་ཝང་ཏ་ཝེ་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་ཚེ་རིང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཆའོ་ཞའོ་ཀྲི་སོགས་ཀྱིས་ཀྲུའུ་རེན་གྱི་འགན་བཞེས་ཡོད་པ་རེད།

          ཐེངས་འདིའི་འགྲན་སྡུར་དུ་རྒྱལ་ཁབ་ཕྱི་ནང་གི་འཐུས་མིའི་རུ་ཁག་ཁྱོན་170དང་། ལུས་རྩལ་པ་2254འགྲན་སྡུར་ལ་ཞུགས་ཡོད་ཅིང་། དེའི་ཁྲོད་དུ་རུ་ཁག་19ནི་ཨོ་སི་ཁྲུ་ལི་ཡའི་དང་ཨ་མེ་རི་ཁ། དབྱིན་ཇི་། ཧང་ག་རི། ཁོ་རེ་ཡ་ལྷོ་མ་། ཧྥ་རན་སེ།  ཅི་འར་ཅི་སི་ཐན། རི་ཐོ་ཝན། རོ་མ་ནི་ཡ། ཨིར་ལན། བྷེ་ཨུ་རུ་སུ། མ་ལེ་ཞི་ཡ། མོང་གོལ། ཕ་ཁི་སི་ཐན།འཇར་མན། དབྱི་རན། ཐེ་གོ  པུར་ཀ་རི་ཡ་སོགས་རྒྱལ་ཁབ་ནས་འོང་པའི་ཕྱི་རྒྱལ་གྱི་འགྲན་ཞུགས་མཁན་ཡིན་ལ། ཞང་ཀང་དང་ཐའེ་ཝན་ཚུད་པའི་རྒྱལ་ནང་གི་འགྲན་ཞུགས་རུ་ཁག་23དང་ཞིང་ཆེན་ནང་ཁུལ་གྱི་འགྲན་ཞུགས་རུ་ཁག་101འགྲན་བསྡུར་ལ་ཞུགས་ཡོད། 
          གཅན་ཚ་རྫོང་གིས་མདའ་མོ་གཡང་རྫོང་གི་སྙན་གྲགས་རྒྱུད་འཛིན་བྱེད་པ་དང་ས་གནས་ཀྱི་ཚོང་རྟགས་གྲགས་ཅན་བསྐྲུན་པ། ས་ཁུལ་བར་གྱི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་ལ་སྐུལ་འདེད་བྱེད་ཆེད་ཉེ་བའི་ལོ་འདི་དག་གི་རིང་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། འགྲན་སྡུར་འདི་དག་གིས་མི་རིགས་སྲོལ་རྒྱུན་མདའ་འཕེན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྙན་གྲགས་སྔར་ལས་ཇེ་ཆེ་དང་། མདའ་རྫོང་གཅན་ཚའི་མཚན་སྙན་འཛམ་གླིང་ཡོངས་ལ་གྲགས་པར་ནུས་པ་མི་དམན་པ་ཐོན་ཡོད།

རྒྱལ་དར་རུ་ཁག

མདའ་མཚོན་རུ་ཁག

མདའ་བསུ་རུ་ཁག

ཤན་འབྱེད་པའི་རུ་ཁག

རྒྱལ་ཁབ་ཕྱི་ནས་ཕེབས་པའི་འཐུས་ཚབ་རུ་ཁག

རྒྱལ་ཁབ་ཕྱི་ནས་ཕེབས་པའི་འཐུས་ཚབ་རུ་ཁག

ཞིང་ཆེན་ཕྱི་ནས་ཕེབས་པའི་འཐུས་ཚབ་རུ་ཁག

ཞིང་ཆེན་ཕྱི་ནས་ཕེབས་པའི་འཐུས་ཚབ་རུ་ཁག

ཞིང་ཆེན་ནང་ཁུལ་ནས་ཕེབས་པའི་འཐུས་ཚབ་རུ་ཁག

ཞིང་ཆེན་ནང་ཁུལ་ནས་ཕེབས་པའི་འཐུས་ཚབ་རུ་ཁག


གླུ་མ་གཡང་མོ་སྒྲོལ་མའི་ལྷོད་འཇམ་ངག་གི་འགྱུར་ཁུག

མང་ཚོགས་ཀྱིས་དགའ་སྤྲོའི་ངང་རིག་རྩལ་འཁྲབ་སྟོན་ལ་ལྟ་བཞིན་པ།

མང་ཚོགས་ཀྱིས་དགའ་སྤྲོའི་ངང་རིག་རྩལ་འཁྲབ་སྟོན་ལ་ལྟ་བཞིན་པ།

མང་ཚོགས་ཀྱིས་དགའ་སྤྲོའི་ངང་རིག་རྩལ་འཁྲབ་སྟོན་ལ་ལྟ་བཞིན་པ།