ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ཟླ་གཉིས་ཀྱིས་ཁམ་ཕུ་ཀྲེའི་རྒྱལ་པོ་ཞི་ཧ་མཱོ་ཉི་དང་རྒྱལ་ཡུམ་མཱོ་ཉི་ལེ་གཉིས་ལ་འཚམས་འདྲི་མཛད།

སྤེལ་དུས 2018-09-20 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ཟླ9པའི་ཚེས19ཉིན་ཏེ་ཟླ་མཆོད་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་ཏུའེ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་པེ་ཅིན་དུ་ངལ་གསོ་བྱེད་བཞིན་པའི་ཁམ་ཕུ་ཀྲེའི་རྒྱལ་པོ་ཞི་ཧ་མཱོ་ཉི་དང་རྒྱལ་ཡུམ་མཱོ་ཉི་ལེ་གཉིས་ལ་འཚམས་འདྲི་མཛད།
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས19ཉིན་གྱི་དགོང་མོ་སྟེ་ཟླ་མཆོད་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་ཏུའེ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་པེ་ཅིན་དུ་ངལ་གསོ་བྱེད་བཞིན་པའི་ཁམ་ཕུ་ཀྲེའི་རྒྱལ་པོ་ཞི་ཧ་མཱོ་ཉི་དང་རྒྱལ་ཡུམ་མཱོ་ཉི་ལེ་གཉིས་ལ་འཚམས་འདྲི་མཛད།
           ཞི་ཅིན་ཕིང་གིས་ཐོག་མར་རྒྱལ་པོ་ཞི་ཧ་མཱོ་ཉི་དང་རྒྱལ་ཡུམ་མཱོ་ཉི་ལེ་གཉིས་ལ་དུས་ཆེན་ལ་སྤྲོ་བོ་དང་ཚེ་རིང་ནད་མེད་ཡོང་བའི་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཀྲེའི་འབྲེལ་བ་དམ་པོ་དང་དམིགས་བསལ་ཡིན་ལ། ལོ་རྒྱུས་ཀྱི་བརྩེ་བ་ཟབ་མོས་ཕྱུག་ཡོད། འབྲེལ་བ་བཙུགས་ནས་ལོ་དྲུག་ཅུའི་རིང་ལ། ཀྲུང་གོའི་རྒན་རབས་འགོ་ཁྲིད་པ་དང་ཁྱེད་ཀྱི་ཡབ་རྒྱལ་པོ་ཞི་ཧ་ནུའུ་ཁི་ཡིས་མཉམ་དུ་བསྐྲུན་པ་དང་སེམས་ཞིབ་མོས་སྐྱེད་སྲིང་བྱས་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་བརྩེ་ལ་ཉིན་རེ་བཞིན་དུ་སྐྱེ་སྟོབས་ཀྱིས་ཁེངས་ཡོད། རྒྱལ་པོ་ཞི་ཧ་མཱོ་ཉི་དང་རྒྱལ་ཡུམ་མཱོ་ཉི་ལེ་གཉིས་ཀྱིས་ཀྲུང་གོ་དང་ཁམ་ཕུ་ཀྲེའི་མཛའ་བརྩེ་ལ་གཙིགས་འཛིན་བྱས་ནས། ཀྲུང་གོ་དང་ཁམ་ཕུ་ཀྲེའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོས་ཁམ་ཕུ་ཀྲེའི་གོང་མ་ཚང་བར་གྱི་དམིགས་བསལ་མཛའ་བརྩེ་ལ་གཅེས་སྤྲས་བྱེད་བཞིན་ཡོད་པ་དང་། ང་དང་རྒྱལ་པོ་ཞི་ཧ་མཱོ་ཉི་གཉིས་བར་དུ་ཀྲུང་གོ་དང་ཁམ་ཕུ་ཀྲེའི་སྲོལ་རྒྱུན་མཛའ་མཐུན་རྒྱུན་འཛིན་གོང་སྤེལ་བྱེད་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཆེས་བཟང་པོར་སླེབས་པར་སྐུལ་འདེད་བྱས་ཡོད། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཤ་ཉེ་འབྲེལ་ལྟར་དུ་ཕན་ཚུན་རྒྱུན་དུ་འགྲོ་འོང་བྱེད་དགོས་ཟེར།
           ཞི་ཅིན་ཕིང་གིས་ཁམ་ཕུ་ཀྲེའི་འདེམ་བསྐོ་ཆེན་མོ་བདེ་བླག་ངང་བསྡུས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་ཀྲུང་གོས་ཁམ་ཕུ་ཀྲེ་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཁམ་ཕུ་ཀྲེ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་བཟང་པོ་བྱས་ནས། སྔར་འཛིན་ཕྱི་གཏོད་ཀྱིས་ཀྲུང་གོ་དང་ཁམ་ཕུ་ཀྲེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་དུ་སྤེལ་འདོད་ཡོད་ཅེས་ནན་གྱིས་བསྟན།