ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ས་གྲོང་ཁྱེར་གྱིས་ཀུན་གཏོད་བར་སྟོང27བཙུགས་པ།

སྤེལ་དུས 2018-10-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
           ཀྲུང་གོ་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། དམངས་ཀྱི་ལས་གཏོད་དང་ཀུན་གྱིས་གསར་གཏོད་བྱ་རྒྱུ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་།  ཚོང་རའི་གསོན་ཤུགས་ཟམ་མི་ཆད་པར་སྐུལ་སློང་དང་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། སྒྱུར་བཅོས་འཕེལ་རྒྱས་ཀྱི་དྲང་ནུས་གོང་བུར་འགྲིལ་བ། ཕུགས་བསམ་ལྡན་པའི་གཞོན་ནུ་དེ་བས་མང་བ་ཞིག་གིས་ལས་གཏོད་དང་ལས་དོན་ཆེན་པོ་འགྲུབ་སྟེ་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ལས་གཏོད་གསར་གཏོད་ལ་སྐུལ་མ་དང་། རྒྱབ་སྐྱོར། བརྩི་བཀུར་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད། 2018ལོའི་ཟླ10པའི་ཚེས9ཉིན། རྒྱལ་ཡོངས་དམངས་ཀྱི་ལས་གཏོད་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱེད་སྒོའི་གཟའ་འཁོར་གྱི་བོད་ལྗོངས་ཡན་ལག་ཚོགས་ར་དེ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དུ་སྤེལ་འགོ་ཚུགས་པ་རེད།

  འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད། ཀྲའོ་ཡོས་པར་བླངས།
           གསར་འགོད་པས་འགོ་ཚུགས་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་གསལ། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱིས་མཐོ་གསར་ཁུལ་དང་། རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ། གཙོ་གནད་ཚོད་ལྟ་ཁང( ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས) རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་ར་བ་དང་། རྒྱལ་ཁབ་ཀྱི“ གསར་གཏོད་གཉིས” ཀྱི་དཔེ་སྟོན་ཁུལ་དང་། ཚན་རྩལ་ཁེ་ལས་སྐྱེད་སྲིང་འཕྲུལ་ཆས། དམངས་སྐྲུན་བར་སྟོང་།  སློབ་ཆེན་སློབ་མའི་ལས་གཏོད་གསོ་སྦྱོང་རྟེན་གཞི། ཞིང་ལས་གསར་གཏོད་ལས་སྟེགས་སོགས་གསར་གཏོད་ལས་གཏོད་ཀྱི་ལས་སྟེགས་བཙུགས་ཏེ་བོད་ལྗོངས་ཀྱི“ གཉིས་གཏོད” ལས་ཀར་ཞབས་ཞུའི་རྨང་གཞི་བཏིངས་པ་རེད།

 འདི་ནི་སྣེའུ་ཁུལ་གསར་གྱི་སྦྲང་ཚང+ གསར་གཏོད་ལྟེ་གནས་ཀྱི་རྣམ་པ་རེད། ཀྲའོ་ཡོས་པར་བླངས།
           མིག་སྔའི་བར་དུ། བོད་རང་སྐྱོང་ལྗོངས་སུ་ཀུན་གཏོད་བར་སྟོང27 བཙུགས་ཟིན་པ་དང་། དེའི་ཁྲོད་དུ་ལྷ་ས་གྲོང་ཁྱེར་དུ་བཅུ་དགུ་དང་། གཞིས་རྩེ་གྲོང་ཁྱེར་དུ་གཅིག  ཆབ་མདོ་གྲོང་ཁྱེར་དུ་གཉིས་དང་། ནག་ཆུ་གྲོང་ཁྱེར་དུ་གཅིག  ཉིང་ཁྲི་གྲོང་ཁྱེར་དུ་གསུམ།  ཞན་ཡང་གྲོང་ཁྱེར་དུ་གཅིག(བོད་ལྗོངས་མི་རིགས་སློབ་ཆེན)བཅས་ཡོད།   “ རྒྱུ་ཐེངསN ·ཅན་གྱི་ཀུན་གཏོད་བར་སྟོང” དང་“ ལྷ་སའི་ཚན་རྩལ་ཀུན་གཏོད་བར་སྟོང” “ ཀླུ་ནང་གསར་གཏོད་འགྲུལ་པའི་གཉིས་གཏོད་ཐོན་ལས་གླིང” དང་“ ཇོ་མོ་གླང་མའི་ཀུན་གཏོད་བར་སྟོང” སོགས་ཀུན་གཏོད་བར་སྟོང་བདུན་ནི་བོད་རང་སྐྱོང་ལྗོངས་རིམ་པའི་ཀུན་གཏོད་བར་སྟོང་དུ་ངོས་འཛིན་བྱས་པ་དང་། “ རྒྱུ་ཐེངསN ·ཅན་གྱི་ཀུན་གཏོད་བར་སྟོང” དང་“ ལྷ་སའི་ཚན་རྩལ་ཀུན་གཏོད་བར་སྟོང” ནི་རྒྱལ་ཁབ་ཀྱི་ཐོ་འགོད་སྙན་སེང་ཞུ་བའི་ཀུན་གཏོད་བར་སྟོང་དུ་གྱུར་པར་མ་ཟད། དེ་ཉིད་རྒྱལ་ཁབ་རིམ་པའི་ཚན་རྩལ་ཁེ་ལས་ཀྱི་སྙོལ་ཆས་ཀྱི་དོ་དམ་ཞབས་ཞུའི་མ་ལག་དུ་བཞག  2017 ལོར་བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་ཀུན་གཏོད་བར་སྟོང་གིས་གསར་གཏོད་ལས་གཏོད་ཚོགས་པ443ལྷག་བསྡུ་ལེན་བྱས་ཏེ་དེར་རུམ་པའི་ཁེ་ལས392 དང་། ལས་ཞུགས་མི་སྣ7856བསྡུ་ལེན་བྱས་པ་དང་། དེའི་ནང་སློབ་ཆེན་སློབ་མ2000 ལྷག་ཙམ་ཡོད་ཅིང་། ལོ་འདིའི་སློབ་ཐོན་གྱི་སློབ་ཆེན་སློབ་མ657ལྷག་ཡོད།

 རི་མོ་འདི་ནི་ཁེ་ལས་ཀྱིས་རང་ཉིད་ཀྱི་གསར་གཏོད་ཐོན་རྫས་འགྲེམས་སྟོན་བྱེད་པའི་རྣམ་པ་རེད། ཀྲའོ་ཡོས་པར་བླངས། 
           རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་རྒྱལ་ཡོངས་ཀྱི་གཉིས་གཏོད་གཟའ་འཁོར་གྱི་བྱེད་སྒོ་དེ་ཟླ10པའི་ཚེས9ཉིན་ནས་ཚེས15ཉིན་བར་དུ་འཚོགས་་ཤིང་། བྱེད་སྒོ་དེས“ ཆུ་ཚད་མཐོ་བས་གཉིས་གཏོད་སྤེལ། སྤུས་ཚད་མཐོ་བས་འཕེལ་རྒྱས་གཏོང”ཞེས་པའི་བརྗོད་དོན་གཙོ་བོ་བྱས་ཏེ་བོད་ལྗོངས་སུ་ཡན་ལག་ཚོགས་ར་བགར་བ་རེད། བྱེད་སྒོ་དེར་འགོ་ཚུགས་མཛད་སྒོ་དང་། བོད་ལྗོངས་ཀྱི“ གཉིས་གཏོད” ཀྱི་གྲུབ་འབྲས་འགྲེམས་སྟོན། གཉིས་གཏོད་ཀྱི་དཔེ་མཚོན་འགྲེམས་སྟོན་འགྲེམས་སྤེལ་དང་། “ གཉིས་གཏོད” སྲིད་ཇུས་ཀྱི་དྲིལ་བསྒྲགས་དང་འགྲེལ་བཤད། ཆེས་ཕུལ་བྱུང་གི་མཉམ་གཉེར་པའི་ལྷ་སའི་ས་ཚིགས། གསར་གཏོད་ལས་ཁང་། “ གཉིས་གཏོད” ཁེ་ལས་ཀྱི“ཆུང་གྲས་ཀྱི་དངུལ་བུན་མགྱོགས་པོའི” བློ་འདྲི་དྲིལ་བསྒྲགས་དང་། “གཉིས་གཏོད” ཀྱི་ཐོན་རྫས་འགྲེམས་འཚོང་དང་། མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་ལས་མི་བསྡུ་བ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་སློབ་གྲྭར་ལག་ལེན་དུ་བསྟར་བ་སོགས་ཀྱི་བྱེད་སྒོ་ཁག་བཅུ་ལྷག་འདུས་སོ། །