གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གཞོན་ནུ་ཚན་རིག་མཁས་ཅན་བཅུ་ལ“མཚོ་བོད་ས་མཐོའི་གཞོན་ནུའི་ཚན་རྩལ་བྱ་དགའ”ཐོབ་པ་རེད།

སྤེལ་དུས 2018-10-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ10པའི་ཚེས9ཉིན།ཀྲུང་གོའི་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་གི2018 ལོའི་རིག་གཞུང་ལོ་ཚོགས་བོད་ལྗོངས་ཉིང་ཁྲིར་འཚོགས་ཤིང་། ཚོགས་འདུའི་ཐོག་སྐབས་བཅུ་གཅིག་པའི“མཚོ་བོད་ས་མཐོའི་གཞོན་ནུའི་ཚན་རྩལ་བྱ་དགའ་” སྤྲད་པ་དང་ཁྱོན་བསྡོམས་གཞོན་ནུ་ཚན་རིག་མཁས་ཅན10ལ་བྱ་དགའ་ཐོབ་པ་རེད།
པར་འདི་ནི་ཀྲུང་གོ་ཚན་རིག་ཁང་གི་དེ་སྔའི་ཡོན་ཀྲང་གཞོན་པ།ཀྲུང་གོའི་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་གི་མཚན་འཛིན་ལས་འཛིན་འགོ་གཙོ་ཡོན་ཧྲི་སུན་ཧུང་ལེ་དང་་ཀྲུང་གོའི་མཚོ་བོད་ས་མཐོའི་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་ཡོན་ཧྲེ་ཡའོ་ཐན་ཏུང་བཅས་ཀྱིས་བྱ་དགའ་ཐོབ་མཁན་ལ་བྱ་དགའ་སྤྲོད་པ་རེད།
          ཀྲུང་གོའི་མཚོ་བོད་ས་མཐོ་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ།ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ་ཡའོ་ཐན་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན“ཡོན་ཧྲེ་སུན་ཧུང་ལེས1995 ལོར་ཞལ་འདེབས་སྒོར་ཁྲི5ཕུལ་ནས་བྱ་དགའ་འདིའི་གྲོས་འགོ་བཏོན་པ་ཡིན་ལ།དམིགས་ཡུལ་ནི་མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་གི་གཞོན་ནུ་ཤེས་ལྡན་མི་སྣར་གཟེངས་རྟགས་སྤྲོད་རྒྱུ་ཡིན་ལ། དེང་ཆར་བྱ་དགའ་འདི་ནི་མཐོ་རིམ་ཤེས་ལྡན་མི་སྣའི་སྡིངས་ཆ་ཤིག་ཏུ་གྱུར་ཡོད་ཅིང་། མཚོ་བོད་ས་མཐོའི་ཚན་རྩལ་བྱ་གཞག་ལ་ཕུལ་བྱུང་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་གནང་ཡོད་འདུག ”
          “མཚོ་བོད་ས་མཐོའི་གཞོན་ནུའི་ཚན་རྩལ་བྱ་དགའ” ཐོབ་མཁན་ནང་ནས་མི་སྣ5ནི་ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲིར་བདམས་པ་དང་།མི་སྣ30 ནི་རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩའི་རྣམ་གྲངས་དང་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩའི་རྣམ་གྲངས་སུ་བདམས་ཡོད”ཅེས ཀྲུང་གོའི་མཚོ་བོད་ས་མཐོ་ཞིབ་འཇུག་ལྷན་ཚོགས་ཀྱི་དྲུང་ཆེ་ཨོའུ་དབྱང་ཧྭ་ཡིས་དེ་སྐད་ངོ་སྤྲོད་གནང་བྱུང་།
          ཀྲུང་གོའི་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་ཝང་ལེ་ནི་ད་རེས་ཀྱི“མཚོ་བོད་ས་མཐོའི་གཞོན་ནུའི་ཚན་རྩལ་བྱ་དགའ”ཐོབ་མཁན་གྱི་གྲས་ཤིག་ཡིན་པ་དང་། ཁོང་གིས“ཚན་རིག་མཁས་པ་མི་རབས་ཁ་ཤས་ཀྱིས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། དེང་ཆར་མཚོ་བོད་ས་མཐོའི་ཞིབ་འཇུག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅིང་། དེས་ནི་རྗེས་ཕྱོགས་སུ་ང་ཚོས་ཞིབ་འཇུག་ལ་ཁ་ཕྱོགས་གསལ་པོ་བསྟན་ཡོད་པའི་དུས་མཚུངས་སུ་ང་ཚོར་ཡང་བླང་བྱ་སྔར་ལས་མཐོ་བ་བཏོན་ཡོད་པ་རེད”ཅེས་ཟེར།
          མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་ཨེ་ཤེ་ཡའི་ཆུ་མཛོད། སའི་གོ་ལའི་སྣེ་གསུམ་པ་ཡིན་ལ། རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་དམག་འཐབ་ཀྱི་ཐོན་ཁུངས་གྲབས་གསོག་རྟེན་གཞི་ཡིན་པ།ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་ཞིག་རེད། མཚོ་བོད་ས་མཐོ་ཡིས་ས་ཁམས་རིག་པ་དང་སྐྱེ་དངོས་རིག་པ། ཐོན་ཁུངས་དང་ཁོར་ཡུག་གི་ཚན་རིག་ཁྲོད་དུ་ཐུན་མོང་མ་ཡིན་པའི་གོ་གནས་བཟུང་ཡོད། མཚོ་བོད་ས་མཐོའི་ས་ཁུལ་དུ་ཚན་རིག་ཞིབ་འཇུག་སྤེལ་བ་དང་། རང་རྒྱལ་ཙམ་མ་ཟད་འཛམ་གླིང་གི་ཁྱབ་ཁོངས་སུ་ཚན་རིག་ཞིབ་འཇུག་བྱེད་པར་ཡང་དོན་སྙིང་གལ་ཆེན་ལྡན།ཚན་རིག་པ་རྒན་རབས་རྣམས་ཀྱི་ཆེད་དུ་བཏོད་པའི་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱ་གཞག་རྒྱུན་འཛིན་བྱེད་མཁན་ཡོད་པ་དང་།རྒྱ་ཆེའི་ན་གཞོན་ཚན་རྩལ་ལས་ཀ་སྒྲུབ་མཁན་རྣམས་མཚོ་བོད་ས་མཐོའི་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ཡར་ཐོན་དང་ཚན་རྩལ་གྱི་བྱ་གཞག་འཕེལ་རྒྱས་ལ་གཞོལ་བ། མཚོ་བོད་ས་མཐོའི་ཚན་རིག་ལག་རྩལ་གྱི་འཇོན་མི་ཅན་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་པའི་ཆེད་རེད། ཀྲུང་གོའི་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་གིས1995 ལོར “མཚོ་བོད་ས་མཐོའི་གཞོན་ནུའི་ཚན་རྩལ་བྱ་དགའ” བཙུགས་པ་མ་ཟད་བྱ་དགའི་ཐེབས་རྩ་གྲབས་གསོག་བྱས་པ་ཡིན་ལ། བྱ་དགའ་དེ་ལོ་གཉིས་རེར་ཐེངས་རེ་འདེམས་པ་དང་། མིག་སྔར་མི105ལ་བྱ་དགའ་ཐོབ་པ་རེད། 2017ལོའི་བར་གཟིགས་བཟོས་ཐེབས་རྩ་དེ་སུན་ཧུང་ལེ། ཡའོ་ཐན་ཏུང་།ཝུའུ་ཀྲེང་དབྱི། ཀྲེང་ཏུའུ། ཧོའུ་ཙུན་ཤན། ཀྲང་ཡེད་ལིས་སོགས་ཚན་རིག་པ་རྣམས་ཀྱིས་སྔ་རྗེས་སུ་ཐེངས་མང་པོར་ཞལ་འདེབས་ཕུལ་ཞིང་ཞལ་འདེབས་དངུལ་གྲངས་ཁྱོན་བསྡོམས་སྒོར་ཁྲི280ཙམ་ལ་སླེབས་ཡོད་རེད།