ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་སུ་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་སྲོག་ཆགས་སླར་གསོའི་རང་བཞིན་དུ་འཕར་སྣོན་བྱུང་ཡོད།

སྤེལ་དུས 2018-10-11 ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ། རྩོམ་པ་པོ། རྡོ་རྗེས་བསྒྲིགས།

          ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་བོད་ལྗོངས་སུ་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་སྲོག་ཆགས་ལ་ཡང་སྲུང་སྐྱོང་ནུས་ལྡན་བྱུང་སྟེ།  སྲོག་ཆགས་དེ་དག་གི་ཁྱུ་ཚོ་ཡང་སླར་གསོ་རང་བཞིན་དུ་འཕར་སྣོན་འགྲོ་བཞིན་ཡོད།  ཉེ་དུས།  གསར་འགོད་པ་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་སྐྱོད་པའི་ལམ་བར་ལ་གཉའ་ལམ་རྫོང་གི་འབུ་ལུང་རྩྭ་ཐང་དང་།  དིང་རི་རྫོང་གི་སྦྲགས་ལུང་གཞུང་།  སྐྱིད་གྲོང་རྫོང་གི་པད་ཁུད་མཚོའི་མཚོ་འགྲམ་སོགས་ནས་རྐྱང་ཁྱུ་ཐེངས་མང་མཐོང་ཆོས་སུ་གྱུར་ཡོད།།