ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལི་ཁེ་ཆང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་འགོ་གཙོ་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བདུན་པར་ཞུགས།

སྤེལ་དུས 2018-10-15 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཏུའུ་ཧྲང་པིའེ་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་འགོ་གཙོ་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བདུན་པར་ཞུགས།
          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་དུས་ཚོད་ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཏུའུ་ཧྲང་པིའེ་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་འགོ་གཙོ་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བདུན་པར་ཞུགས། ཁོངས་གཏོགས་རྒྱལ་ཁབ་སོ་སོའི་ཙུང་ལི་དང་ལྟ་ཞིབ་རྒྱལ་ཁབ་ཀྱི་འཐུས་ཚབ་པ་སོགས་གྲོས་ཚོགས་ལ་ཞུགས།
          ལི་ཁེ་ཆང་གིས་བསྟན་དོན། ད་ལོའི་ཟླ་དྲུག་པར། ཧྲང་ཧེ་མཉམ་ལས་རྩ་འཛུགས་རྒྱ་སྐྱེད་རྗེས་མཐོ་རིམ་གྲོས་ཚོགས་ཐེངས་དང་པོ་ཀྲུང་གོ་ཆིན་ཏའོ་ནས་བསྡུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པའི་བར་དུ་ཧྲང་ཧེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཁོངས་གཏོགས་རྒྱལ་ཁབ་གསར་རྙིང་བར་གྱི་མཐུན་སྒྲིལ་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། སྔར་ལས་དམ་ཟབ་ཀྱི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་ཐད་ཀྱི་ཐུན་མོང་གི་ལྟ་བ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཆིན་ཏའོ་བསྒྲགས་གཏམ་ལག་བསྟར་ནན་མོ་བྱས་ཏེ། ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སོ་སོ་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་སྤྲོད་བྱེད་དགོས་ཏེ།
          གཅིག་ནས་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ནས། བདེ་འཇགས་ཁྱབ་ཁོངས་ཀྱི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁྲིམས་འཛིན་བདེ་འཇགས་འགུལ་སྐྱོད་ནུས་པ་མཐོར་འདེགས་གཏོང་དགོས།
          གཉིས་ནས་ཕྱོགས་མང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་དགོས།
          གསུམ་ནས་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་སྤེལ་དགོས།
          བཞི་ནས་མཉམ་འབྲེལ་མཉམ་མཐུད་འཐུས་ཚང་དུ་གཏོང་དགོས།
          ལྔ་ནས་གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པར་ཤུགས་སྣོན་དགོས།
          དྲུག་ནས་མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་དགོས་ཟེར།
          ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་འཐབ་ཇུས་བར་སྦྲེལ་མཐུད་བཟང་བོ་བྱས་ནས། ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་ས་ཁུལ་དང་རྒྱལ་ཁབ་བར་སྒོ་འབྱེད་མཉམ་ལས་བྱེད་པ་དང་། མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་དཔེ་མཚོན་དུ་འགྱུར་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
          ལི་ཁེ་ཆང་གིས་ཚོགས་ཞུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་འབྲེལ་སྤྱི་བསྒྲགས་བཀོད་པ་མ་ཟད་སྒྲོག་སྤེལ་བྱས་པ་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་གྲོས་ཆོད་ཡི་གེ་མང་པོ་དང་མཉམ་ལས་ཡིག་ཆར་ཆོག་མཆན་བཀོད།