ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ས་ནས་ལྷོ་ཁ་བར་གྱི་མྱུར་བགྲོད་ལམ་བུ་འཛུགས་སྐྲུན་བདེ་བླག་བྱུང་བ།

སྤེལ་དུས 2018-10-15 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་S5ལམ་ཐིག་གི་ལྷ་ས་ནས་ལྷོ་ཁ་བར་གྱི་མྱུར་བགྲོད་ལམ་བུའི་རྣམ་གྲངས་ནི་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་ཤིག་རེད། ལམ་ཐིག་ཧྲིལ་པོར་ལམ་ཐག་སྤྱི་ལེ་47ཙམ་ཡོད་པ་དང་། ཕྱོགས་གཉིས་ནས་རླངས་འཁོར་བཞི་འགྲོ་ཐུབ་པའི་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་གཞིར་བཟུང་འཛུགས་སྐྲུན་བྱས་པ། ཇུས་འགོད་མྱུར་ཚད་ཆུ་ཚོད་རེར་སྟོང་སྨི་80ཡིན་པ་རེད། ལྷ་ས་དང་ལྷོ་ཁའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་གྲྭ་ཞིག་ཡིན་པའི་མྱུར་བགྲོད་ལམ་བུ་དེ་2016ལོའི་ཟླ་བརྒྱད་པར་སྐྲུན་འགོ་བཙུགས་ཚུན་ཁྱོན་མ་དངུལ་སྒོར་དུང་ཕྱུར་36.33བཏང་ཡོད། རྣམ་གྲངས་ཀྱི་འཆར་གཞིར་གཞིགས་ན་2019ལོར་ལས་མཇུག་འགྲིལ་རྒྱུ་དང་འཛུགས་སྐྲུན་ཟིན་རྗེས་ལྷ་ས་དང་ལྷོ་ཁ་གཉིས་ཆུ་ཚོད་གཅིག་གི་དཔལ་འབྱོར་འཁོར་རྒྱ་ཞིག་ཏུ་འགྱུར་རྒྱུ་རེད། འདི་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་ཁོངས་ཀྱི་ཟམ་པ་སྐྲུན་ཡུལ་ཡིན་པ།