ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས“10·11”ཆབ་མདོའི་ས་གཤིས་གནོད་འཚེའི་རིམ་པ་དང་པོའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ།

སྤེལ་དུས 2018-10-15 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རིན་སྒྲོལ་གྱིས་བསྒྲིགས།

འདི་ནི་ཟླ་10ཚེས་13ཉིན་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ཆབ་མདོ་ཉིང་ལག་རུ་ཁག་གི་དཔོན་དམག་གིས་ཐང་ཕུ་ཤང་གི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་དུག་སེལ་སྨན་ཆུ་གཏོར་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་བཞིན་པ།
          གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་འཕྲལ་སྡོམ་དོ་དམ་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། 2018ལོའི་ཟླ་10ཚེས་11ཉིན་གྱི་ཐོ་རེངས་ཆུ་ཚོད་དྲུག་པ་ཡོལ་ཙམ་ལ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་དུ་རི་ཉིལ་ནས་འབྲི་ཆུའི་ཆུ་ལམ་འགགས་ནས་འཁྱིལ་མཚོ་ཆགས་ཤིང་། མིག་སྔའི་བར་ཆབ་མདོ་གྲོང་ཁྱེར་གྱི་འཇོ་མདའ་དང་། གོ་འཇོ། སྨར་ཁམས་བཅས་རྫོང་གསུམ་གྱི་མང་ཚོགས་13637ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་ཡོད། གནོད་འཚེ་ལས་མི་སེར་གྱི་སྡོད་ཁང་དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་། ཞིང་ལས་སྐྱེ་དངོས་བཅས་ཁག་གཅིག་ལ་གནོད་འཚེ་ཕོག་པ་དང་ལམ་དུམ་ཁག་གཅིག་འགགས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་ཐོལ་བྱུང་ས་གཤིས་གནོད་འཚེའི་འཕྲལ་སྡོམ་སྔོན་ཇུས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཟླ་10ཚེས་13ཉིན་གྱི་ཆུ་ཚོད་18ལ“10·11”ཆབ་མདོའི་ས་གཤིས་གནོད་འཚེའི་རིམ་པ་དང་པོའི་འཕྲལ་སྡོམ་དང་ལེན་བྱེད་འགོ་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད།