ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ས་གྲོང་ཁྱེར་གྱིས་དགུ་པའི་ཚེས་དགུའི་དུས་ཆེན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ།

སྤེལ་དུས 2018-10-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། རྡོ་རྗེས་བསྒྲིགས།

          ཟླ་10ཚེས་16ཉིན་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)གསུམ་གྱི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད། ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་གཞོན་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་རྒན་པར་གཅེས་སྐྱོང་དང་། བརྩི་བཀུར། རོགས་རམ་བཅས་བྱེད་པའི་རྣམ་པ་བཟང་པོ་གཏོད་ཆེད། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པའི“ང་ཚོའི་དུས་ཆེན·དགུ་པའི་ཚེས་དགུ”ཞེས་པའི་རྒན་རྒོན་སྟོད་ལུང་བདེ་ཆེན་ཆུས་ཀྱི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་སྤོས་ནས་ལོ་གསུམ་འཁོར་བ་དང་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རིག་རྩལ་བྱེད་སྒོ་སྤེལ་བ་རེད།
          འཚམས་འདྲིའི་དངོས་པོ་སྤྲོད་པ་དང་། འཁྲབ་སྟོན་ལ་ལྟ་བ། མཉམ་དུ་རོལ་རྩེད་རྩེ་བ། དང་བླངས་པས་གཙང་སྦྲ་བྱེད་པ་སོགས་ཀྱིས་བྱེད་སྒོ་སྤེལ་ནས་རྒན་རྒོན་ཚོར་དྲོ་སྐྱིད་སྦྱིན་པ་རེད།
          ལོ་80ལ་སླེབས་པའི་བསོད་ནམས་དང་ལོ་77ལ་སླེབས་པའི་རྡོ་རྗེ་གཉིས་ནི་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་ཚོ་ནས་ཡིན་ལ། བགྲེས་སོང་བསོད་ནམས་ལོང་བ་དང་བགྲེས་སོང་རྡོ་རྗེའི་རྐང་པ་ནད་པ་ཡིན་པར་དམིགས་ནས། སྟོད་ལུང་བདེ་ཆེན་ཆུས་དམངས་སྲིད་སྡེ་ཚན་གྱིས་རྒན་རྒོན་གཉིས་ཞབས་ཞུའི་ལྟེ་གནས་སུ་བསུས་ཏེ་མི་རེར་ཁང་པ་རེ་བཀོད་སྒྲིག་བྱས་ནས་གཡོག་བྱེད་ཡག་པོ་བྱས་པ་རེད། “སྔོན་ཆད་ཀྱི་འཚོ་བ་དང་བསྡུར་ན་ལྡབ་བརྒྱ་ཕྲག་ཁ་ཤས་ཀྱིས་ལེགས་སུ་ཕྱིན་འདུག”ང་ལ་བུ་ཕྲུག་གཅིག་ཀྱང་མེད་ན་ཡང་། འདི་གར་སེམས་ཁྲལ་ཅི་ཡང་མི་འདུག་ཅེས་བགྲེས་སོང་གིས་གསར་འགོད་པར་བརྗོད་པ་རེད།
          ད་ཆ། སྟོད་ལུང་བདེ་ཆེན་ཆུས་དང་། སྙེ་མོ་རྫོང་། འདམ་གཞུང་རྫོང་བཅས་ཀྱི་འགན་ལེན་ལྔའི་བསྙེན་བཀུར་བྱ་ཡུལ་རྒན་རྒོན་ཚོ་ལྷ་ས་གྲོང་ཁྱེར་རྫོང(ཆུས)གསུམ་གྱི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ་སྤོས་ནས་ལོ་གསུམ་ཕྱིན་པ་དང་། རྒན་རྒོན་ཚོར་ཐོགས་མེད་བགྲོད་ལམ་དང་གློག་སྐས་སོགས་རྒན་རྒོན་ཆེད་སྤྱོད་སྒྲིག་ཆས་སྤྱོད་རྒྱུ་ཡོད་པ་མ་ཟད། ད་དུང་འཚོ་བར་ལྟ་རྟོག་བྱེད་མཁན་ཡང་ཡོད་པས་ཚེ་མཇུག་གི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད་པ་རེད།