ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་མི་འདི་དག་དང་ལས་ཁུངས་དེ་དག་ལ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་བྱ་དགའ་ཐོབ་པ།

སྤེལ་དུས 2018-10-18 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།

 
༄༅།།བོད་ལྗོངས་ཀྱི་མི་འདི་དག་དང་ལས་ཁུངས་དེ་དག་ལ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་བྱ་དགའ་ཐོབ་པ།
             ཟླ་10ཚེས་17ཉིན། 2018ལོའི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་ཐོག་མ་དེ་པེ་ཅིང་དུ་འཚོགས་པ་དང་། 2018ལོའི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་དགའི་ཡོངས་བསྒྲགས་ཆ་འཕྲིན་ལས་མངོན་པར་གཞིགས་ན། བོད་ལྗོངས་སུ་རྩ་འཛུགས་གཅིག་དང་མི་སྒེར་ལྔ་ལ་གཟེངས་བསྟོད་ཐོབ་ཡོད།
            བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ལ་རྩ་འཛུགས་ཀྱི་གསར་གཏོད་བྱ་དགའ་ཐོབ་པ་དང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བེ་ཤ་ལས་སྣོན་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཡོན་ཏན་རྒྱ་མཚོར་འབད་འབུངས་བྱ་དགའ་ཐོབ་པ། པེ་ཅིང་གྲོང་ཁྱེར་ཕིང་ཀུའུ་ཆུས་གྲོང་གསེབ་ལས་དོན་ཨུ་ཡོན་ལྷན་ཁང་གི་བརྟག་ཞིབ་པ། བོད་ལྗོངས་ལྷ་ས་སྙེ་མོ་རྫོང་གི་རྫོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲུའུ་ཅི་གཞོན་པ་ཀྲའོ་ཅིན་ཞང་ལ་བྱས་རྗེས་བྱ་དགའ་ཐོབ་པ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཐེར་མའི་གྱོན་ཆས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་པ་སངས་ལ་ལེགས་སྐྱེས་བྱ་དགའ་ཐོབ་པ། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྨི་ཏི་ཁ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་པ་སངས་ཚེ་རིང་དང་། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭའི་སློབ་སྤྱི། ཧྲང་ཧའེ་དགེ་འོས་སློབ་གྲྭ་ཆེན་མོའི་རྨང་གཞིའི་སློབ་གསོ་འཕེལ་རྒྱས་ལྟེ་གནས་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཕུའུ་ཤིན་ལ་གསར་གཏོད་བྱ་དགའ་ཐོབ་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་ལོ་གསུམ་བསྟུད་མར་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་བྱ་དགའི་དཔྱད་འདེམས་གཟེངས་བསྟོད་ལས་དོན་སྤེལ་བ་ཞིག་རེད། དཔྱད་འདེམས་ལས་དོན་ཟླ་7ཚེས་21ཉིན་དངོས་སུ་སྤེལ་འགོ་ཚུགས་ཤིང་། མིང་ཐོ་བཀོད་ནས་ངོ་སྤྲོད་བྱས་པ་དང་། ཐོབ་ཐང་ཞིབ་བཤེར་གཏན་འབེབས་བྱས་པ། ཐོག་མའི་དཔྱད་ཞིབ་བྱས་པ། དངོས་སུ་རྟོག་ཞིབ་བྱས་པ། སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱས་པ། དཔྱད་བསྡུར་འདེམས་བསྐོ་བསྐྱར་ཞིབ་བྱས་པ། ཞིབ་བཤེར་གཏན་འབེབས་ཀྱི་སྙན་སེང་བཀའ་འཁྲོལ་ཞུ་བ་སོགས་ཀྱི་གོ་རིམ་འགྲོ་སྟངས་བརྒྱུད་ཡོད།  ཟླ་10ཚེས་19ཉིན་ནས་ཟླ་10པའི་ཟླ་མཇུག་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་བྱས་རྗེས་ཀྱི་སྐོར་སྐྱོད་སྙན་ཞུ་སྒྲིག་བཙུགས་བྱས་ནས། སྙན་ཞུ་ཚོགས་པ་བཞིས་དབུས་རྒྱུད་དང་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་21ཏུ་བསྐྱོད་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་མཚོན་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ་མིག་དཔེའི་སྟོབས་ཤུགས་མངོན་པ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་པ་རེད།

ཡོན་ཏན་རྒྱ་མཚོ་དང་། པ་སངས། པ་སངས་ཚེ་རིང(གཡོན་ནས་གཡས་བར)