ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བློ་མཐུན་སི་མཱ་དབྱི་ཨེ་མའེ་ཐིས་ཀྱི་སྐུ་གདུང་ལ་གྱེས་བྲལ་ཞུ་བའི་མཛད་སྒོ་པེ་ཅིན་ནས་བསྡུས།

སྤེལ་དུས 2018-10-19 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
བློ་མཐུན་སི་མཱ་དབྱི་ཨེ་མའེ་ཐིས་ཀྱི་སྐུ་གདུང་ལ་གྱེས་བྲལ་ཞུ་བའི་མཛད་སྒོ་ཚེས་བཅོ་བརྒྱད་ཉིན་པེ་ཅིན་པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་ནས་བསྡུས། འདི་ནི་ཞི་ཅིན་ཕིང་གིས་སི་མཱ་དབྱི་ཨེ་མའེ་ཐིས་ཀྱི་ཁྱིམ་མི་ལ་ཕྱག་འཇུ་གནང་ནས་བརྩེ་བའི་འཚམས་འདྲི་མཛད་པའི་ཚུལ་རེད།
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་རྣམ་དག ཏང་དང་རྒྱལ་ཁབ་ཀྱི་མི་རིགས་བྱ་བའི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ། ཡུ་གུར་མི་དམངས་ཀྱི་ཕུལ་བྱུང་བུ་རྒྱུད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བདུན་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། སྔོན་ཆད་ཀྱི་རྒྱལ་སྲིད་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་མཐུན་སི་མཱ་དབྱི་ཨེ་མའེ་ཐིས་ཀྱི་སྐུ་གདུང་ལ་གྱེས་བྲལ་ཞུ་བའི་མཛད་སྒོ་ཚེས་བཅོ་བརྒྱད་ཉིན་པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་ནས་བསྡུས།
           བློ་མཐུན་སི་མཱ་དབྱི་ཨེ་མའེ་ཐིས་ལ་སྙུང་གཞི་ཕོག་ནས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་གྱི་དུས་ཚོད་བཅུ་གཅིག་དང་སྐར་མ་ང་བརྒྱད་སྟེང་པེ་ཅིན་ནས་སྐུ་གཤེགས་པ་དང་། དགུང་ལོ་གྱ་བཞི་རེད།
           བློ་མཐུན་སི་མཱ་དབྱི་ཨེ་མའེ་ཐིས་ལ་སྙུང་གཞི་ལྕི་མོ་ཕོག་སྐབས་དང་ཁོང་སྐུ་གཤེགས་རྗེས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲིན། ཝང་ཆི་ཧྲན། ཅང་ཙེ་མེན། ཧུའུ་ཅིན་ཐའོ་སོགས་བློ་མཐུན་སྨན་ཁང་དུ་ལྟ་རུ་སོང་བ་དང་ཡང་ན་ཐབས་ལམ་གཞན་པ་བརྒྱུད་ནས་བློ་མཐུན་སི་མཱ་དབྱི་ཨེ་མའེ་ཐིས་སྐུ་གཤེས་པར་མྱ་ངན་ཞུས་པར་མ་ཟད་ཁོང་གི་ཁྱིམ་མི་ལ་འཚམས་འདྲི་མཛད།
           ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་། ཞི་ཅིན་ཕིང་དང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲིན། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་སོགས་མྱ་ངན་གྱི་རོལ་དབྱངས་ཁྲོད་ནས་དལ་གྱིས་བློ་མཐུན་སི་མཱ་དབྱི་ཨེ་ཐའེ་ཐིས་ཀྱི་སྐུ་གདུང་གི་མདུན་དུ་སོང་ནས་མྱ་ངན་ཞུས་པ་དང་། སྐུ་གདུང་ལ་གུས་ཕྱག་ལན་གསུམ་ཕུལ་བར་མ་ཟད། བློ་མཐུན་སི་མཱ་དབྱི་ཨེ་མའེ་ཐིས་ཀྱི་ཁྱིམ་མི་ཚང་མར་ཕྱག་འཇུ་བྱས་ཏེ་འཚམས་འདྲི་གནང་།