ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཕོ་བྲང་པོ་ཏ་ལར་ལོ་རེའི་ཐེངས་རེ་ཅན་གྱི་དཀར་རྩི་བྱུག་འགོ་བརྩམས།

སྤེལ་དུས 2018-10-19 ཡོང་ཁུངས། ལྷ་སའི་དགོང་དྲོ་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།

          སྤྱི་ཟླ10པའི་ཚེས17ཉིན་ལོ་རེར་ཐེངས་རེ་སྒྲུབ་བཞིན་ཡོད་པའི་ཕོ་བྲང་པོ་ཏ་ལར་ས་དཀར་གྱི་རྩི་བྱུག་པའི་ལས་ཀ་གཉེར་ཡོད་པ་རེད། མང་ཚོགས་བརྒྱ་ཚོ་མང་པོ་དང་པོ་ཏ་ལ་བདག་གཉེར་ཁང་གི་ལས་སྒྲུབ་མི་སྣ་ཚོས་མཉམ་པོར་དཀར་རྩི་རྒྱུ་ཆ་དབོར་འདྲེན། ཚོན་རྩི་སྦྱངས་བ་སོགས་ཀྱི་ལས་ཀ་བསྒྲུབས་ཤིང་། པོ་བྲང་པོ་ཏ་ལ་དང་། མཆོད་རྟེན། གྱང་དང་སྐར་ཁུངས་སོགས་ལ་ཚོན་རྩི་བྱུགས་ཏེ་འོད་མདངས་རྣམ་པར་བཀྲ་བ་བྱས་ཡོད་པ་རེད།

          ཕོ་བྲང་པོ་ཏ་ལར་ལོ་རེའི་ཐེངས་རེ་ཅན་གྱི་དཀར་རྩི་བྱུག་འགོ་བརྩམས།
          གསར་འགོད་པས་དཀར་རྩི་བྱུག་པའི་ཡུལ་དངོས་ནས་མཐོང་བ་ལྟར་ན། ལས་སྒྲུབ་མི་སྣ་དང་མང་ཚོགས་བཅས་ཀྱིས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་ལས་ཀ་སྒྲུབ་པར་ཧ་ཅང་བཟང་ལ། དཀར་རྩི་སོགས་ཀྱི་རྒྱུ་ཆ་དབོར་འདྲེན་དང་། རྡུང་འཐག  ཚགས་བརྒྱབ་པ།  ཚོན་རྩི་དཀར་པོ་སྦྱངས་ཤིང་དཀྲུག་ནས་གར་སླ་རན་པོ་བྱས་ཤིང་། མང་ཚོགས་དག་གིས་ཚོན་རྩིའི་ཟོམ་དུ་བླུགས་ནས་རྩི་བཏང་སའི་ཡུལ་དུ་དབོར་བ་སོགས་ཀྱི་གོ་རིམ་ཞིབ་ཚགས་ལྡན་ཡོད་པ་རེད།

          ཕོ་བྲང་པོ་ཏ་ལར་ལོ་རེའི་ཐེངས་རེ་ཅན་གྱི་དཀར་རྩི་བྱུག་འགོ་བརྩམས།

          ས་དཀར་བྱུག་པའི་གོ་རིམ་ཡང་ལོ་རྒྱུས་ཀྱི་གོམས་སྲོལ་དང་མཐུན་ལ། ཐོག་མར་ཕོ་བྲང་དཀར་པོར་དཀར་རྩི་བྱུགས་ཤིང་། དེ་ནས་ཕོ་བྲང་དམར་པོ། ཕོ་བྲང་སེར་པོ་སོགས་རིམ་པ་བཞིན་དུ་ས་དཀར་གྱི་རྩི་བྱུགས་ཏེ། ཆེས་རྗེས་མར་སྒོ་དང་སྐར་ཁུངས་ཀྱི་མཐའ་རྒྱན་ལ་ནག་རྩི་བྱུགས་ཡོད་པ་རེད།  རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་གནམ་གཤིས་གྲངས་ཚད་ཅུང་སྔ་ཡོད་པས་ཕོ་བྲང་པོ་ཏ་ལར་ས་དཀར་བྱུག་པའི་དུས་ཚོད་ཀྱང་སྔ་ལོ་དག་དང་བསྡུར་ན་ཅུང་སྔ་ནུར་བྱས་ཡོད་པ་རེད།