ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཤེས་རབ་མཚོས་ན་གཞོན་ཨོ་རྩལ་འགྲན་ཚོགས་སྟེང་གསེར་གྱི་རྟགས་མ་བླངས།

སྤེལ་དུས 2018-10-19 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།

ཤེས་རབ་མཚོས་ན་གཞོན་ཨོ་རྩལ་འགྲན་ཚོགས་སྟེང་གསེར་གྱི་རྟགས་མ་བླངས།
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ17ལ་སོན་པའི་བོད་རིགས་བུ་མོ་ཤེས་རབ་མཚོས་ཟླ10པའི་ཚེས16ཉིན་ནི་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན་ཏེ། རྒྱུ་མཚན་ནི་ཁོ་མོས་པུའུ་དབྱི་ནའོ་སི་ཨེ་ལི་སིའི་ན་གཞོན་ཨོ་རྩལ་འགྲན་ཚོགས་སྐབས་གསུམ་པའི་རྨིད5000ཅན་གྱི་སྐྱེས་མའི་འདུར་རྒྱུག་འགྲན་སྡུར་ཁྲོད། སྐར་མ45དང་སྐར་ཆ03ཆ་ཤས49ཡི་གྲུབ་འབྲས་བཟང་པོས་གསེར་གྱི་རྟགས་མ་བླངས་ཤིང་། ཁོ་མོ་ནི་ན་གཞོན་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་འགྲན་སྡུར་སྟེང་གསེར་གྱི་རྟགས་མ་བླངས་པའི་བོད་རིགས་ལུས་རྩལ་པ་ཐོག་མ་ཡིན།

          ཤེས་རབ་མཚོ་ནི2001ལོར་མཚོ་སྔོན་ཞིང་ཆེན་མང་རྫོང་ཐར་ཤུལ་ཞང་སྟར་ལུང་སྡེ་བར་སྐྱེས་ཤིང་། མང་རྫོང་མི་རིགས་སློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས་ཧྲན་ཞི་ཞིང་ཆེན་ཝེ་ནན་ལུས་རྩལ་རུ་ཁག་གིས་ཆེད་ལས་མཆོང་རྒྱུག་འཕེན་གསུམ་གྱི་ལས་གཞི་གསོ་སྐྱོང་བྱས་ལ། ཧྲན་ཞིའི་ལུས་རྩལ་ལྟེ་གནས་ནས་ལོ་གཉིས་ལ་སྦྱོང་བརྡར་བྱས། དེའི་སྐབས་སུ་ཤེས་རབ་མཚོས2017ལོའི་རྒྱལ་ཡོངས་འདུར་རྒྱུག་འགྲན་སྡུར་གྱི་སྐྱེས་མའི་ཚན་ཆུང་གི་སྤྱི་ལེ10ཅན་གྱི་བྱ་དགའ་ཨང་དང་པོ་བླངས་ཏེ། རྒྱལ་ཁབ་རིམ་པའི་ལུས་རྩལ་པའི་མཚན་སྙན་གནང་།

          ད་ལྟ་ཤེས་རབ་མཚོས་ན་གཞོན་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་བླངས་ཡོད་ནའང་། ཁོ་མོས་མུ་མཐུད་དུ་འབད་རྩོན་ལྷོད་མེད་སྒོས་སྔར་ལས་ཆེ་བའི་གར་སྟེགས་སྟེང་བསྐྱོད་རྒྱུའི་ཆོད་སེམས་བརྟན་པོ་བཅིངས་ཡོད་དེ། མོས་ད་ལྟ་ངས་སྦྱོང་བརྡར་ལ་སྔར་བས་ཤུགས་བསྣན་ནས། མ་འོངས་པར་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པར་གྲ་སྒྲིག་བྱ་རྒྱུ་ཡིན་ཟེར།

འགྲན་བསྡུར་ཁྲོད་ཀྱི་ཤེས་རབ་མཚོ།