ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ལ་ཞུགས་པར་ཕེབས་པའི་རྒྱལ་ཁབ་ཕྱིའི་དབུ་ཁྲིད་མི་སྣ་དང་ལྷན་དུ་འགྲེམས་ཁང་ལ་གཟིགས་སྐོར་གནང་བ།

སྤེལ་དུས 2018-11-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རིན་ཆེན་དབང་འདུས།

          སྤྱི་ཚེས་༥ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ལ་ཞུགས་པར་ཕེབས་པའི་རྒྱལ་ཁབ་ཕྱིའི་དབུ་ཁྲིད་མི་སྣ་དང་ལྷན་དུ་འགྲེམས་ཁང་ལ་གཟིགས་སྐོར་གནང་ཡོད་པ་རེད།
          ཉིན་གུང་གི་དུས་སུ། ཞི་ཅིན་ཕིང་རྒྱལ་ཁབ་ཕྱིའི་དབུ་ཁྲིད་མི་སྣ་དང་ལྷན་དུ་རྒྱལ་ཁབ་ཉོ་ཚོང་མ་འཇོག་ཕྱོགས་བསྡུས་འགྲེམས་ཁང་ནང་ཕེབས་ཡོད། ཁོང་ཚོས་ཆིབས་བསྒྱུར་གནང་གིན་གཟིགས་སྐོར་གནང་བ་དང་། གཟིགས་སྐོར་གནང་གིན་གླེང་མོལ་གནང་ནས། སྔ་རྗེས་སུ་ཧང་ག་རི་དང་། ཨེ་ཅིབ། དབྱིན་ཇི། ཅེ་ཁེ། ཁེན་ནི་ཡ། སར་ཝ་ཏོལ། ཏོ་མི་ནི་ཁ། ལོ་སི། ཀེ་ལུ་ཅི་ཡ། ཝེ་ཐེ་ནམ། ཕ་ཁི་སི་ཐན། ཨུ་རུ་སུ་སོགས་ཀྱི་འགྲེམས་ཁུལ་ལ་གཟིགས་ཞིབ་གནང་བ་དང་། རྒྱལ་ཁབ་ཁག་གི་དཔལ་འབྱོར་ཉོ་ཚོང་གོང་འཕེལ་ཐད་ཐོབ་པའི་གྲུབ་འབྲས་དང་། ཁྱད་ལྡན་ཐོན་རྫས་ལ་རྒྱུས་ལོན་གནང་ཡོད་པ་རེད། ཞི་ཅིན་ཕིང་དང་རྒྱལ་ཁབ་ཁག་གི་དབུ་ཁྲིད་མི་སྣས་བརྙན་མཐོང་བརྒྱུད་ཧང་ག་རིའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་མྱོང་རོལ་དང་། ཨེ་ཅིབ་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་ཤེས་དཔལ་དང་དེང་རབས་ཀྱི་གོང་འཕེལ་འཆར་བཀོད་ལ་མཁྱེན་རྟོགས་གནང་བ་དང་། ཐུན་མོང་ཐོག་དབྱིན་ཇིའི་འགྲེམས་ཁང་གི་དར་སྲོལ་ཆེ་བའི་༣Dབརྙན་མཐོང་ལ་མྱོང་རོལ་གནང་ཡོད། ཅེ་ཁེ་ཡི་འགྲེམས་ཁང་ནང་། ཙུང་ཐུང་ཙེ་མན་གྱིས་ཅེ་ཁེས་ཐོན་སྐྱེད་བྱས་པའི་ཀང་ཆིན་གྱིས་སྟབས་བསྟུན་རོལ་དབྱངས་ཞིག་དཀྲོལ་གཏོང་གནང་བ་མ་ཟད། ཞི་ཅིན་ཕིང་ལ་ཅེ་ཁེ་ཡི་སྦི་རག་བཀྱག་ཡོད་པ་རེད། ཁེན་ཉི་ཡའི་མེ་ཏོག་སོས་པ་དང་། སར་ཝ་ཏོལ་གྱི་ཚིག་ཇ། ཏོ་མི་ཉི་ཁའི་ཤིང་ཏོག་སོགས་ལྟ་བས་མི་ངོམས་པའི་རྒྱལ་ཁབ་སོ་སོའི་ཁྱད་ལྡན་ཐོན་རྫས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་དབུ་ཁྲིད་མི་སྣའི་ཡིད་དབང་འཕྲོག་ཡོད་པ་རེད། ཀེ་ལུ་ཅི་ཡའི་ཙུང་ལི་དང་། ཝེ་ཐེ་ནམ་གྱི་ཙུང་ལི་སྐུ་ངོ་མས་ཞི་ཅིན་ཕིང་ལ་རང་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་དང་ཡུལ་སྐོར་རྣམ་གྲངས་ངོ་སྤྲོད་ཞུས་པ་རེད། ལོ་སིའི་འགྲེམས་ཁང་གི་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་རྣམ་གྲངས་ཀྱི་མཚོན་རིས་བྱེ་གཞོང་དང་ཕ་ཁི་སི་ཐན་འགྲེམས་ཁང་གི་ཀྲུང་ཕའི་དཔལ་འབྱོར་བར་འཁྱམས་ཀྱི་འགྲེམས་བྱང་ཐོག་ཁག་སོ་སོར་ཀྲུང་གོ་དང་ལོ་སི་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བཅས་ཐུན་མོང་གོང་འཕེལ་གྱི་མཛེས་སྡུག་ལྡན་པའི་རེ་འདུན་མངོན་པར་བྱས་ཡོད། ཨུ་རུ་སུའི་འགྲེམས་ཁང་ནང་། ཞི་ཅིན་ཕིང་གིས་ཙུང་ལི་མེ་ཏེ་ཝེ་ཅེ་ཕུའི་ཕེབས་རོགས་འོག ཀྲུང་གོ་དང་ཨུ་རུ་སུའི་ཉིང་རྡུལ་གློག་ཁང་དང་། རང་བྱུང་རླངས། གནམ་གྲུ་བཟོ་སྐྲུན། ས་གནས་སྤེལ་རེས་སོགས་ཁྱབ་ཁོངས་མཉམ་ལས་ཐད་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་གནང་བར་གསན་པ་དང་། ཀྲུང་གོ་དང་ཨུ་རུ་སུའི་མཉམ་ལས་ཀྱི་རྒྱ་ཆེ་བའི་མདུན་ལྗོངས་ལ་ཐུན་མོང་ཐོག་རྒྱང་གཟིགས་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་གཟིགས་ཞིབ་གནང་བ་དང་། བཀའ་འདྲི་ཡང་ཡང་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། རྒྱལ་ཁབ་སོ་སོའི་འགྲེམས་རྫས་སྣ་ཁ་ཧ་ཅང་ཕུན་སུམ་ཚོགས་པོ་དང་། ཚང་མར་རང་སོའི་ཁྱད་ཆོས་ལྡན་འདུག ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ནང་ཞུགས་པ་དེ་གོ་སྐབས་སུ་འཛིན་ནས། ཚོང་ལས་གོ་སྐབས་རྙེད་པ་བྱེད་པ་དང་། མཉམ་ལས་ལ་ཤུགས་སྣོན་རྒྱབ་སྟེ། རང་སོའི་འགྲན་རྩོད་ནུས་པ་གོང་མཐོར་གཏོང་རྒྱུ་དང་། ཀྲུང་གོར་སྤུས་ལེགས་ཐོན་རྫས་ཕྱིར་གཏོང་བྱས་པ་བརྒྱུད། ཀྲུང་གོའི་ཁྲོམ་ར་ཕུན་སུམ་ཚོགས་སུ་དང་། ཀྲུང་གོའི་འཛད་སྤྱོད་པའི་ཉིན་བཞིན་གོང་མཐོར་འགྲོ་བའི་སྣེ་མང་རང་བཞིན་གྱི་དགོས་མཁོ་བསྐང་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག
          རྒྱལ་ཁབ་ཁག་གི་དབུ་ཁྲིད་མི་སྣས་ཀྲུང་གོའི་ཕྱོགས་ཀྱིས་སྦྱིན་བདག་རྒྱལ་ཁབ་ཀྱི་ཐོག་ནས་རྒྱལ་ཁབ་ཁག་འགྲེམས་སྟོན་ནང་ཞུགས་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཀྲུང་གོའི་གོང་འཕེལ་ཐད་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་གནང་བ། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཐུགས་གྲ་ལེགས་སྒྲིག་ཡོང་རྒྱུའི་སྨོན་འདུན་ཞུས་གནང་ཡོད། ཁོང་ཚོས། ཀྲུང་གོས་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་འཚོགས་པ་དེའི་ཐོག་ནས་ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་འབྱེད་བྱེད་པའི་ཁོག་ཡངས་དང་། འགན་འཁྲི་ཁུར་ཕོད་པའི་རྒྱལ་ཁབ་ཆེན་པོའི་བློ་ཁོག་མངོན་ཐུབ་ཅེས་བསྟན་པ་དང་། ཁོང་ཚོས། ཞི་ཅིན་ཕིང་གིས་འགོ་འཛུགས་མཛད་སྒོའི་ཐོག་གནང་བའི་བརྗོད་དོན་གཙོ་བོའི་གཏམ་བཤད་ལ་ཚད་མཐོའི་གདེང་འཇོག་དང་། ཁས་ལེན་གཏིང་ཟབ་གནང་བ། རྒྱལ་ཁབ་ཁག་གིས་ཀྲུང་གོའི་ཁྲོམ་རར་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཀྲུང་གོའི་གོང་འཕེལ་མདུན་ལྗོངས་ལ་ཡོངས་ཁྱབ་ཐོག་གཟིགས་སྟངས་ཡག་པོ་ཡོད་པ། ཀྲུང་གོའི་ཕྱོགས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོགས་འདོན་གཏིང་ཟབ་བྱས་ནས། ཕྱོགས་གཉིས་པོའི་ཉོ་ཚོང་འཕར་སྣོན་ལ་སྐུལ་འདེད་དང་། འཛམ་གླིང་གི་རང་མོས་ཉོ་ཚོང་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན་གནང་ཡོད།