ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་དངོས་མང་འགྲེམས་ཚོགས་ནང་ཞུགས་མཁན་ཕྱི་རྒྱལ་གྱི་ཁེ་ལས་མཁས་པའི་འཐུས་མི་དང་མཇལ་མཛོམས་གནང་བ།

སྤེལ་དུས 2018-11-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་་སྐྱབས་ཀྱིས་བསྒྲིགས།
            ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༥ཉིན་ཧྲང་ཧེ་རུ་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་དངོས་མང་འགྲེམས་ཚོགས་ནང་ཞུགས་མཁན་ཕྱི་རྒྱལ་གྱི་ཁེ་ལས་མཁས་པའི་འཐུས་མི་དང་མཇལ་འཛོམས་གནང་ཡོད་པ་རེད།
            ཞི་ཅིན་ཕིང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ལས་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་དངོས་མང་འགྲེམས་ཚོགས་ནང་ཞུགས་པར་དགའ་བསུ་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོས་བཅོས་བསྒྱུར་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བའི་ལོ་ཡིན་པ་དང་། ལོ་ངོ་༤༠ཡི་རིང་ལ། ཀྲུང་གོ་དང་འཛམ་གླིང་བར་གྱི་འགྲོ་འོང་དང་མཉམ་ལས་ཉིན་རེ་བཞིན་དམ་ཟབ་དུ་འགྱུར་བཞིན་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འཛུགས་སྐྱོང་བྱེད་བཞིན་ཡོད། ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེ་ཡི་གོམ་མཚམས་འཇོག་མི་སྲིད་པ་དང་། ང་ཚོས་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་རྒྱ་ཆེར་གཏོང་རྒྱུ་རེད། ཀྲུང་གོ་དང་ཕྱི་རྒྱལ་བར་གྱི་མཉམ་ལས་གཏིང་ཟབ་དུ་སྤེལ་བའི་ཁྲོད་ནས་བྱུང་བའི་གནད་དོན་རྣམས། ང་ཚོས་རི་དང་འཕྲད་ན་ལམ་གཏོད་པ་དང་། ཆུ་དང་འཕྲད་ན་ཟམ་པ་འཛུགས་པའི་སྙིང་སྟོབས་ཐོག བསྒྱུར་བཅོས་སྒོ་དབྱེ་ཡི་ཁྲོད་དུ་ཐག་གཅོད་དང་། གསར་གཏོད་མདུན་སྐྱོད་ཀྱི་ཁྲོད་དུ་ཁྱད་བསད་བྱ་རྒྱུ་ཡིན། ཀྲུང་གོས་ཕྱི་རྒྱལ་གྱི་ཁེ་ལས་ཀྲུང་གོར་ཡོང་ནས་མ་འཇོག་དང་ལས་དོན་སྒྲུབ་པར་མུ་མཐུད་ཁོར་ཡུག་ལེགས་པོ་འདོན་སྤྲོད་བྱ་རྒྱུ་དང་། རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པར་དགའ་བསུ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད་པ་རེད།