ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གྲངས་ཉུང་མི་རིགས་སློབ་མའི་དངོས་སྦྱོང་གི་འཚོ་བ་ལ་ཕྱི་མིག་བལྟས་ཚེ་སྐུལ་ལྕག་ཆེན་པོ་ཐེབས།

སྤེལ་དུས 2018-11-07 ཡོང་ཁུངས། ཀྲུང་གོ་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
             ཀྲུང་གོ་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས2ཉིན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཁྲིམས་རིག་སློབ་གླིང་གི་བོད་སྐད་རྟེན་གཞིའི་འཛིན་གྲྭའི་དབྱར་གསེང་དངོས་སྦྱོང་གི་ཕྱོགས་བསྡོམས་བཞུགས་མོལ་ཚོགས་འདུ་དེ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སྤེལ་བ་རེད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་འགོ་ཁྲིད་དང་། ད་ཐེངས་ཀྱི་དངོས་སྦྱོང་ནང་ཞུགས་པའི་སློབ་མ་བཅས་ཀྱིས་མཉམ་དུ་ཟླ་གཅིག་ལྷག་རིང་གི་དངོས་སྦྱོང་དུས་སྐབས་ཀྱི་དཀའ་སྤྱད་དག་ཕྱིར་དྲན་བྱས།

             ཚོགས་ཞུགས་འགོ་ཁྲིད་ཁག་གཅིག་དང་དགེ་སློབ་རྣམས་ཀྱི་དྲན་རྟེན་མཉམ་པར། དབྱང་ཡོལ་ཡུན་གྱིས་པར་བླངས།

             ཚོགས་ཆུང་ཁག་གི་སྣེ་ཁྲིད་དགེ་རྒན་གྱིས་སྔ་རྗེས་སུ་གཏམ་བཤད་གནང་བ། དབྱང་ཡོལ་ཡུན་གྱིས་པར་བླངས་པ་དང་པར་རིས་སྒྲིག་བཀོད་བྱས།
             ཚོགས་ཆུང་སོ་སོའི་རུ་སྣེ་ཁྲིད་རེ་རེས་ཚོགས་ཆུང་ཁག་གི་སྤྱིའི་གནས་ཚུལ་དང་དེར་འཕྲད་པའི་དངོས་ཡོད་ཀྱི་གནད་དོན་དག་ངོ་སྤྲོད་ཞིབ་མོ་བྱས་པ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་ཁྲིད་ཀྱིས་ཡུལ་དངོས་སུ་བསམ་འཆར་འདོན་པ་དང་གནད་དོན་ལ་ལན་བཏབ་པ་རེད།
             ད་ལོའི་ཟླ་བདུན་པའི་ཟླ་དཀྱིལ་ནས་ཟླ་བརྒྱད་པའི་ཟླ་སྨད་བར་དུ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི2016 ལོ་རིམ་དང་། 2017 ལོ་རིམ་གྱི་ཁྲིམས་ལུགས་རིག་པའི་བོད་སྐད་རྟེན་གཞིའི་འཛིན་གྲྭའི་སློབ་མ23ལྷག་གིས་གུང་གསེང་གི་སྐབས་སུ་རང་རང་གི་ཕ་ཡུལ་ཏེ་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ་ཡི་རིམ་པ་ཁག་གི་ཁྲིམས་ཁང་གི་འཐབ་ཕྱོགས་དང་པོའི་ལས་གནས་སུ་བསྐྱོད་དེ་དངོས་སྦྱོང་བྱས།
             དངོས་སྦྱོང་བྱེད་སྐབས་རིང་། ཁོ་ཚོས་ཡིག་ཁུག་ལེགས་སྒྲིག་དང་། དོ་བདག་ལ་སྣེ་ལེན་ཞུས་པ། ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས་པ། ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོའི་བྱ་འགུལ་ནང་ཞུགས་ཤིང་། ཐེངས་རེ་རེའི་ལག་ལེན་གྱི་ཁྲོད་ཆེད་ལས་ཤེས་བྱ་དང་ལས་ཀའི་ནང་དོན་གཅིག་འདྲེས་དམ་ཟབ་བྱས་ཏེ་གསོན་ཉམས་ལྡན་པའི་འབུར་གཟུགས་ཀྱི་དཔེ་མཚོན་དུ་བསྒྱུར་ཏེ་སློབ་གྲོགས་ཚོས་དེའི་སྐོར་གྱི་ཉམས་ཚོར་ལ་བག་ཆགས་ཟབ་མོ་བཞག་ཡོད།

             ཚོགས་ཆུང་ཁག་གི་སློབ་མའི་འཐུས་མིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད། དབྱང་ཡོལ་ཡུན་གྱིས་བརྙན་ལེན་པ་དང་པར་རིས་བསྒྲིགས།
             ཀན་སུའུ་ཚོགས་ཆུང་གི་སློབ་མའི་འཐུས་མི་ཚེ་རིང་སྒྲོལ་མས་བཤད་རྒྱུར། ད་ཐེངས་ཀྱི་དངོས་སྦྱོང་བརྒྱུད་དེ་ང་ཚོས་བཅའ་ཁྲིམས་ལས་དོན་གྱི་གཟབ་ནན་རང་བཞིན་རྟོགས་པ་དང་། ཁྲིམས་སའི་འདྲི་གཅོད་ལ་ཟུར་ཉན་བྱས་པ་དེས་ཀྱང་ང་ཚོར་ཕན་ཐོགས་ཆེན་པོ་བྱུང་། བཅའ་ཁྲིམས་ཀྱི་དོན་ཚན་ཁག་ནི་རྡོ་ཆག་བཙན་སྒྲིག་བྱས་པ་ཞིག་མིན་པར།  ཆེད་ལས་ཤེས་བྱ་ཕུད་ང་ཚོར་དེ་བས་ཀྱང་ལག་ལེན་དངོས་དང་།  གྱོད་གཞི་སྒྲུབ་གཉེར་གྱི་ཉམས་མྱོང་དང་སྤྱི་ཚོགས་ཀྱི་ཉམས་མྱོང་མཁོ། 

             དེབ་ཏུ་བསྒྲིགས་པའི་དངོས་སྦྱོང་སྙན་ཞུ། དབྱང་ཡོལ་ཡུན་གྱིས་པར་བླངས།
             བོད་ལྗོངས་ཚོགས་ཆུང་གི་སློབ་མའི་འཐུས་མི་པ་སངས་ཀྱིས་བཤད་རྒྱུར། ད་ཐེངས་ཀྱི་དངོས་སྦྱོང་གིས་ང་ཚོར་ཁྲིམས་ལུགས་ལས་དོན་སྒྲུབ་མཁན་ཞིག་ཡིན་པའི་ངོས་ཐད་ཀྱི་མྱོང་ཚོར་དངོས་དེ་ཚོར་དུ་བཅུག་ཅིང་། བརྒྱུད་མྱོང་བའི་དགའ་སྐྱོ་སྡུག་གསུམ་ཚང་མ་ནི་མི་ཚེའི་ཉམས་མྱོང་བཟང་པོ་ཞིག་ཡིན་པས། འབྱུང་འགྱུར་ང་ཚོར་དེ་བས་མང་པོའི་གར་སྟེགས་ལྡན་དེ་མིག་རྒྱ་ཆེར་བསྐྱེད་ཀྱིས་རང་ཉིད་ངོམ་ཐུབ་པའི་རེ་བ་བྱེད་ཅེས་བཤད། 
             དངོས་སྦྱོང་ལས་ཁུངས་ཀྱི་བཀོད་སྒྲིག་ཞིབ་ཚགས་དང་། ཁྲིམས་ཁང་ལས་བྱེད་མི་སྣའི་མཛུབ་ཁྲིད་ཞིབ་ཚགས་ཀྱིས་སློབ་གྲོགས་རྣམས་ལ་ཡིད་འགུལ་ཐེབས་སུ་བཅུག་ཅིང་། ཕ་ཡུལ་དུ་ཆེད་ལས་ཤེས་ལྡན་པ་དགོས་མཁོ་ཆེན་མོ་བྱུང་བ་དེས་ཁོང་ཚོར་སྐུལ་མ་ཆེན་པོ་ཐེབས་ཏེ་ལས་རིགས་ཀྱི་མདུན་ལམ་ལ་ཡང་ཡིད་ཆེས་དང་སྤོབས་པ་ཆེན་པོས་ཁེངས།  སློབ་གྲོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་ཕྱིན་ཆད་མུ་མཐུད་དུ་ཤེས་བྱ་དང་རྩལ་ནུས་ཀྱི་གསོག་འཇོག་ཆེ་རུ་བཏང་ནས་ཧུར་ཐག་སྒོས་བཅའ་ཁྲིམས་ལག་ལེན་གྱི་བྱེད་སྒོའི་ནང་ཞུགས་ཏེ་བཅའ་ཁྲིམས་ཀྱི་ཆེད་ལས་ཤེས་ལྡན་པ་ཞིག་ཏུ་འགྱུར་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བཤད།
             2014 ལོའི་ཟླ9 པར། ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་དང་། སློབ་གསོ་པུའུ་ཡིས་མཉམ་འབྲེལ་ཐོག་ལག་བསྟར་བྱས་པའི “ཕུལ་བྱུང་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་འཆར་གཞི”ཞེས་པའི་གྲས་ཤིག་ཡིན་པའི་ཆ་ནས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་ཁྲིམས་ལུགས་རིག་པ( བོད་ཡིག་རྟེན་གཞིའི་འཛིན་གྲྭ)ཁ་ཕྱོགས་གསར་འཛུགས་བྱས་ཏེ།   བོད་རིགས་ས་ཁུལ་དུ“ སྐད་གཉིས”བཅའ་ཁྲིམས་ཤེས་ལྡན་པ་གསོ་སྐྱོང་བྱ་བར་ཧུར་བརྩོན་བྱས། ཁྲིམས་རིག་སློབ་གླིང་གི་བོད་སྐད་རྟེན་གཞིའི་འཛིན་གྲྭའི་དངོས་སྦྱོང་རྣམ་གྲངས་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཐུན་མོང་ཐོག་སྤེལ་བ་ཡིན་ཞིང་། 2017 ལོའི་དབྱར་གསེང་དུ་ཚོད་ལྟ་ཐེངས་དང་པོ་བྱས་པ་དང་། ད་ལོ་ནི་བྱེད་སྒོ་སྤེལ་ཐེངས་གཉིས་པ་རེད།