ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བ་ལག་ལེན་བྱེད། སྐབས་བཞི་བའི་དགོན་སེར་དཔྱད་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

སྤེལ་དུས 2018-11-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
            ཟླ11པའི་ཚེས6ཉིན་ནས་ཚེས7ཉིན་བར།“དགོན་སེར་དང་གོང་མའི་དགོན་པའི་འཕེལ་རྒྱས་ལས་ནང་བསྟན་ཀྲུང་གོ་ཅན་དུ་གྱུར་ཚུལ་གླེང་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་བཞི་བའི་དགོན་སེར་དཔྱད་གླེང་ཚོགས་འདུ་པེ་ཅིང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགོན་སེར་ནུབ་མར་སྤེལ་བ་རེད།

སྐབས་བཞི་བའི་དགོན་སེར་དཔྱད་གླེང་ཚོགས་འདུའི་ཡུལ་དངོས།
            ད་རེས་ཀྱི་གླེང་སྟེགས་ལ་ཁྱོན་དགོན་པའི་ལོ་རྒྱུས་རིག་གནས་ཞིབ་འཇུག་ཐད་ཀྱི་མུ་འབྲེལ་བརྩམས་ཆོས20དང་། རིག་གཞུང་དཔྱད་རྩོམ30ལྷག་འབྱོར་ཡོད་ཅིང་། ནང་དོན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལས་ཆོས་ལུགས་ཀྱི་གཞུང་ལུགས་དང་སྲིད་ཇུས་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། བོད་རྒྱའི་ནང་བསྟན་རིག་གནས། དགོན་སྡེའི་ལོ་རྒྱུས། ཨར་སྐྲུན། སྒྱུ་རྩལ་བཅས་པའི་ཐད་ཁྱབ་ཡོད་པ་རེད།

སྐབས་བཞི་བའི་དགོན་སེར་དཔྱད་གླེང་ཚོགས་འདུའི་ཡུལ་དངོས།
            ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་དབྱང་མི་རིགས་སློབ་ཆེན། རྒྱལ་ནང་གི་དགོན་སྡེ་ཆེ་གྲས་ཁག རྟེན་རྫས་བཤམས་མཛོད་ཁང་སོགས་སྡེ་ཚན30ལྷག་ཙམ་གྱི་ཆེད་མཁས་དང་དགོན་པའི་འཐུས་མི། དེ་བཞིནཞང་ཀང་ས་ཁུལ་བཅས་ཀྱི་སྐུ་མགྲོན་བཅས་ཁྱོན་མི50ཙམ་སྐབས་འདིའི་གླེང་སྟེགས་ལ་ཞུགས་ཡོད་ཅིང་། ཚོགས་ཞུགས་འཐུས་མི30ཙམ་གྱིས་ནང་བསྟན་ཀྲུང་གོར་དར་རྗེས་ཀྲུང་གོའི་ས་གནས་རིག་གནས་མཉམ་འདྲེས་ཧུར་ཐག་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་འཚམ་པར་བྱས་པ་སོགས་ཐད་སྤེལ་རེས་ཞིབ་བསྡུར་གནང་པ་རེད།

ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་དྲན་རྟེན་མཉམ་པར་བསྐྱོན་པ།
            དགོན་སེར་དཔྱད་གླེང་ཚོགས་འདུ་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད།2013ལོར་གསར་དུ་ཚུགས་པ་ནས་ད་བར་དུ་སྐབས་གསུམ་གཉེར་ཡོད་པ་དང་། ད་རེས་ཀྱི་གླེང་སྟེགས་ནི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་། པེ་ཅིང་དགའ་ལྡན་བྱིན་ཆགས་གླིང་། ཁྲེང་ཏེའི་ཀུན་བདེ་གླིང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་གནང་པ་ཡིན་ལ་ཚོགས་ཡུན་ཉིན་གཉིས་རིང་རེད།

སྐབས་བཞི་བའི་དགོན་སེར་དཔྱད་གླེང་ཚོགས་འདུའི་ཡུལ་དངོས།

སྐབས་བཞི་བའི་དགོན་སེར་དཔྱད་གླེང་ཚོགས་འདུའི་ཡུལ་དངོས།

སྐབས་བཞི་བའི་དགོན་སེར་དཔྱད་གླེང་ཚོགས་འདུའི་ཡུལ་དངོས།

སྐབས་བཞི་བའི་དགོན་སེར་དཔྱད་གླེང་ཚོགས་འདུའི་ཡུལ་དངོས།

ད་བར་དུ་པར་སྐྲུན་གནང་པའི་དགོན་སེར་དཔྱད་གླེང་གི་བརྗོད་གཞིའི་དེབ་ཕྲེང་།