ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཧན་ཀྲིན་གྱིས་པེ་ཨར་ཀའེ་ཚི་ལ་མཇལ་འཕྲད་གནང་།

སྤེལ་དུས 2018-11-12 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་བརྒྱད་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་ཐེ་ལ་ནུས་ཁུངས་ཀུང་ཟིའི་ཏུང་ཧྲི་ཀྲང་དང་ཝེ་རོན་ཀུང་ཟིའི་གསར་གཏོད་མཁན་པེ་ཨར་ཀའེ་ཚི་ལ་མཇལ་འཕྲད་གནང་།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་བརྒྱད་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་ཐེ་ལ་ནུས་ཁུངས་ཀུང་ཟིའི་ཏུང་ཧྲི་ཀྲང་དང་ཝེ་རོན་ཀུང་ཟིའི་གསར་གཏོད་མཁན་པེ་ཨར་ཀའེ་ཚི་ལ་མཇལ་འཕྲད་གནང་། 
            ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ལ་ནུས་ཁུངས་ཀྱི་ཁྱབ་ཁོངས་ནས་མཉམ་ལས་ཀྱི་རྨང་གཞི་བཟང་བོ་ཡོད་ལ། ཀྲུང་གོས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ནུས་ཁུངས་གསར་བ་དང་ནུས་ཁུངས་ཚན་རྩལ་གསར་སྐྲུན་སོགས་ཕྱོགས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ནུས་ཁུངས་གྲུབ་ཚུལ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་སྟེ། ནུས་ཁུངས་དག་གཙང་དང་བདེ་འཇགས་འཕེལ་རྒྱས་ལ་ཡར་སྐུལ་གཏོང་འདོད་ཡོད། ཀྲུང་གོས་སྒོ་འབྱེད་ཀྱི་གཞི་ཁྱོན་ཆེ་ནས་ཆེ་རུ་བསྐྱེད་རྒྱུ་ཡིན་པར་མ་ཟད། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ཏེ། ཨ་མེ་རི་ཁའི་ཁེ་ལས་ཧུར་ཐག་གིས་ཀྲུང་གོའི་ནུས་ཁུངས་མཉམ་ལས་ཁྲོད་ཞུགས་པར་དགའ་བསུ་བྱེད་པ་དང་། ནུས་ཁུངས་ལག་རྩལ་གྱི་འཕེལ་རྒྱས་དང་གཉིས་ཕན་ཁ་གསབ་བྱེད་པ། མཉམ་ལས་མཉམ་རྒྱལ་ཁྲོད་དུ་སྔར་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་ཞིག་མངོན་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 
            པེ་ཨར་ཀའེ་ཚི་ཡིས་ཀྲུང་གོས་ནུས་ཁུངས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་ནུས་ཁུངས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་པའི་ཚུལ་བསྟན།