ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱིས་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་དགུན་དུས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།

སྤེལ་དུས 2018-11-12 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་དུས་བོད་དུ་ཡུལ་སྐོར་བྱེད་ཅེས་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་བསྟུན།  ཉིན་ཤས་བསྟུད་མར་ཡུལ་སྐོར་བ་འབོར་ཆེན་བོད་དུ་སླེབས་ནས་ཐུན་མོང་མ་ཡིན་པའི་དགུན་དུས་ཀྱི་མཛེས་ལྗོངས་དང་དམིགས་བསལ་ཀྱི་སྤྱི་ཚོགས་རིག་གནས་སྣང་ཚུལ་ལ་མྱོང་རོལ་བྱེད་ཀྱི་ཡོད་པས།  མཛེས་ལྗོངས་ཁུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དང་སྐར་མ་རིམ་པའི་གསོལ་མགྲོན་ཁང་དུ་ཡུལ་སྐོར་བ་ཞག་སྡོད་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་ཆབས་ཅིག་ཡུལ་སྐོར་གྱི་ཡོང་འབབ་ཀྱང་ཉིན་རེ་བཞིན་འཕར་སྣོན་ཡོང་གི་ཡོད།