ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ཀྱི་རིག་གནས་དུས་ཆེན་སྐབས་བརྒྱད་པ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་སྤེལ་བ།

སྤེལ་དུས 2018-11-13 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་10ཉིན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་གངས་ལྗོངས་རིག་གནས་བགྲོ་གླེང་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་རོགས་སྒྲུབ་བྱས་པའི་བོད་ཀྱི་རིག་གནས་དུས་ཆེན་སྐབས་བརྒྱད་པ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཐང་ཆེན་ཆུང་བར་སྤེལ་ཞིང་། པེ་ཅིང་གི་སློབ་ཆེན་ཁག་ཏུ་སློབ་གཉེར་བྱེད་བཞིན་པའི་བོད་རིགས་སློབ་མ་ཚོ་མ་གྲོས་གཅིག་མཐུན་ངང་མཉམ་གཅིག་ཏུ་འཛོམས་ནས་དུས་ཆེན་ལ་རོལ་ཡོད། 
            སྐབས་འདིའི་དུས་ཆེན་གྱི་ལེ་ཚན་གྲ་སྒྲིག་གྱ་ནོམ་པ་ཞིག་བྱས་ཡོད་པ་སྟེ། ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་བོད་རིགས་སློབ་མ་ཚོས་གྲ་སྒྲིག་བྱས་པའི་《སྐལ་བཟང་ཡར་འགྲོ》དང་། པེ་ཅིང་ཕྱི་སྐད་སློབ་ཆེན་གྱི་བོད་རིགས་སློབ་མ་ཚོས་གྲ་སྒྲིག་བྱས་པའི་《བཀྲ་ཤིས་ཞབས་བྲོ》 ཧྭ་པེ་གློག་ཤུགས་སློབ་ཆེན་གྱི་བོད་རིགས་སློབ་མ་ཚོས་གྲ་སྒྲིག་བྱས་པའི་《སྟོད་གཞས》 པེ་ཅིང་ནགས་ལས་སློབ་ཆེན་གྱི་བོད་རིགས་སློབ་མ་ཚོས་གྲ་སྒྲིག་བྱས་པའི《སྒོར་གཞས》སོགས་ཞབས་བྲོ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་མ་ཡེ་ཤེས་ཚེ་རིང་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཚེ་རིང་བཀྲ་ཤིས། སྐབས་འདིའི་རིག་གནས་དུས་ཆེན་གྱི་དམིགས་བསལ་གདན་ཞུས་མི་སྣ་སྟེ། བོད་ཀྱི་གླུ་མ་གྲགས་ཅན་དངོས་གྲུབ་སྒྲོལ་མ་སོགས་ཀྱིས་དུས་ཆེན་ལ་སྙན་པའི་གླུ་དབྱངས་ཕུལ་བ་རེད། 
            གཞན་ཡང་། དུས་ཆེན་གྱི་ཡུལ་དངོས་སུ་བོད་སྤོས་དང་ཐང་ག བོད་ཀྱི་རྒྱན་ཆ་སོགས་འགྲེམས་སྟོན་ཆུང་ཆུང་སྤེལ་ཞིང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་རྩོམ་རིག་ཚོགས་ཆུང་གི་དུས་དེབ་《རྨུ་ཐག》དང་། རིན་པ་མི་དགོས་པའི་ཇ་སྲུབ་མ། རྩམ་པ་སོགས་རོལ་མྱོང་བྱ་ས་ཡང་ཡོད་ལ། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་བོད་ཀྱི་རིག་གནས་དུས་ཆེན་ནི་དགོང་མོའི་ཆུ་ཚོད་བདུན་པར་སྐོར་བྲོ་འཁྲབ་མཇུག་རྫོགས་པ་དང་བསྟུན་ནས་མཇུག་སྒྲིལ་བ་རེད།