ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་སར་བདམས་ཐོན་པ་3000ལྷག་ཙམ་གྱིས་ལམ་ཕྱེད་མ་ལ་སུང་རྒྱུགས་པ།

སྤེལ་དུས 2018-11-13 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རིན་སྒྲོལ་གྱིས་བསྒྲིགས།

འདི་ནི་ལས་དོན་མི་སྣས་བྱ་དགའ་ཐོབ་པའི་བུད་མེད་བདམས་ཐོན་པར་བྱ་དགའ་སྤྲོད་བཞིན་པ།

འདི་ནི་འགྲན་ཞུགས་བདམས་ཐོན་པས་མ་ལ་སུང་རྒྱུག་རྩིས་བྱེད་བཞིན་པ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་11ཚེས་11ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་མཐུན་ཚོགས་ཀྱིས་ཁས་ལེན་དཔང་འདོན་བྱས་པ། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་དང་། རིག་གནས་ཅུས། ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་བཅས་ཀྱིས་མཉམ་དུ་གཉེར་འགན་ཁུར་བའི་2018ལོའི་ལྷ་སའི་ལམ་ཕྱེད་མ་ལ་སུང་འགྲན་བསྡུར་ལྷ་སའི་གནས་མཆོག་ཞིང་ཁམས་ཀྲོའུ་ཅི་གསོལ་མགྲོན་ཁང་ཆེ་མོའི་ཐང་ཆེན་ནས་རྒྱུག་འགོ་ཚུགས་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་བདམས་ཐོན་པ་3000ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།
          འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད། མཐར་རང་ལྗོངས་ནས་ཡིན་པའི་སྟོབས་རྒྱལ་གྱིས་ཆུ་ཚོད་1དང་སྐར་མ་11དང་སྐར་ཆ་34ཡི་གྲུབ་འབྲས་ཐོག་ནས་སྐྱེས་པའི་ལམ་ཕྱེད་མ་ལ་སུང་ཚོགས་ཆུང་གི་ཨང་དང་པོ་བླངས་པ་དང་། རང་ལྗོངས་ནས་ཡིན་པའི་ཚེ་རིང་མཚོ་མོས་ཆུ་ཚོད་1དང་སྐར་མ་23དང་སྐར་ཆ་20ཡི་གྲུབ་འབྲས་ཐོག་ནས་བུད་མེད་ཀྱི་ལམ་ཕྱེད་མ་ལ་སུང་ཚོགས་ཆུང་གི་ཨང་དང་པོ་བླངས་པ་རེད།