ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཧྥུ་ཅན་ལ་གཟིགས་སྐོར་དང་རྟོག་ཞིབ་གནང་པ།

སྤེལ་དུས 2018-11-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན་ནས་ཟླ11པའི་ཚེས6ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ཧྥུ་ཅན་ཞིང་ཆེན་དུ་འཚོགས་བཞིན་པའི་སྐབས་ལྔ་པའི་འཛམ་གླིང་ནང་བསྟན་གླེང་སྟེགས་ལ་ཞུགས་རྗེས་། སྔ་གཞུག་ཏུ་ཧྥུ་ཀྲོའུ་དང་ཕུའུ་ཐེན།ལུང་ཡན། ཞ་མོན། ཉིང་ཏེ་རུ་ཆིབས་བསྒྱུར་གནང་སྟེ་གཟིགས་སྐོར་དང་རྟོག་ཞིབ་གནང་བར་མ་ཟད་དེ་བཞིན་ཆོས་ཕྱོགས་ཀྱི་མཛད་རིམ་བསྐྱངས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྔ་རྗེས་སུ་ཀུའུ་ཐེན་མའོ་ཀྲུའུ་ཞིའི་དྲན་གསོ་ཁང་དང་ཀུའུ་ཐེན་གྲོས་ཚོགས་ཀྱི་ཚོགས་གནས། ལེན་ཙེ་ཞུས་ཀྱི་དྲན་གསོ་ཁང་། ཡན་ཧྥུའི་བཞུགས་གནས་རྙིང་པ། ལིན་ཅུའེ་རྨིན་དང་པིང་ཤིན་གྱི་བཞུགས་གནས་རྙིང་པ། ཁྲེ་ཤིས་གྲོང་ཚོ་སོགས་སུ་གཟིགས་སྐོར་དང་རྟོག་ཞིབ་གནང་སྟེ་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་བྱས་སྟེ་གསར་བརྗེའི་ལོ་རྒྱུས་ལ་བསྐྱར་མྱོང་གནང་པ་རེད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས“ལོ་ངོ་བཅུ་གཅིག་འགོར་རྗེས་སླར་ཡང་ཧྥུ་ཅན་དུ་ཡོང་ཚེ་ཧྥུ་ཅན་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་མྱོང་ཚོར་ཟབ་མོ་བྱུང་པས་དངོས་གནས་དགའ་སྤྲོ་ཆེན་པོ་སྐྱེས་བྱུང”ཞེས་བསྟན་བྱུང་ལ། ཧྥུ་ཅན་ཏུ་བཞུགས་རིང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ད་དུང་ཞ་མོན་དུ་ཕེབས་ནས་ལྷོ་གྲུ་འཛིན་དགོན་དང་ཕེན་ཤིན་དགོན། ཡོང་ལུ་དགོན། ཡུང་ཆོན་དགོན་བཅས་སུ་ཕེབས་ནས་མཆོད་མཇལ་ཡང་གནང་པ་རེད།
           ཟླ10པའི་ཚེས31ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་སྔ་རྗེས་སུ་ཧྲང་ཧང་རྫོང་ཀུའུ་ཐེན་གྲོང་བརྡལ་དུ་ཆགས་པའི་མའོ་ཀྲུའུ་ཞིའི་དྲན་གསོ་ཁང་ལ་གཟིགས་མཇལ་གནང་པ་དང་ཀུའུ་ཐེན་གྲོས་ཚོགས་ཀྱི་དྲན་གསོ་ཁང་ལ་ལ་གཟིགས་སྐོར་གནང་ཞིང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་གསར་གཏོད་སྙིང་སྟོབས་དང་བཅོས་བསྒྱུར་གྱི་སྙིང་སྟོབས་ལ་བསྔགས་བརྗོད་ཚད་མེད་གནང་པ་དང་།ནང་པ་སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་པ་དག་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ནང་ཧུར་ཐག་སྒོས་ཞུགས་དགོས་ཏེ།ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་སླད་འབད་འབུངས་ལྷོད་མེད་བྱ་དགོས་ཞེས་བཀའ་སློབ་གནང་པ་རེད།
           པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་ད་གཟོད་གཞི་ནས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སྤྱོད་བྱེད་ཐུབ་པ་དང་།ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྔ་ཙམ་ནས་མངོན་འགྱུར་ཐུབ་ངེས་པར་ཡིད་ཆེས་ཡོད་ཅེས་བསྟན་བྱུང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་མའོ་ཀྲུའུ་ཞིའི་སྐུ་བརྙན་ལ་མེ་ཏོག་ཕྲེང་བ་དང་བཀྲ་ཤིས་ལྷ་དར་ཕུལ་ནས་གསར་བརྗེ་རྒན་རབས་པ་རྣམས་ཀྱི་བྱས་རྗེས་ལ་དྲན་གསོ་གནང་བཞིན་པ།
           1929ལོའི་ཟླ12པའི་ཚེས28ཉིན་ནས་ཚེས29ཉིན་བར།ཀྲུང་གོའི་གུང་ཁྲན་ཏང་གི་དམར་དམག་ཅུན་ཤོག་བཞི་པའི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པ་ཀུའུ་ཐན་དུ་འཚོགས་པ་དང་།ལོ་རྒྱུས་སུ་དེར“ཀུའུ་ཐེན་གྲོས་ཚོགས”ཞེས་འབོད། ཀུའུ་ཐེན་ཚོགས་འདུའི་ཐོག་མའོ་ཙེ་ཏུང་གིས་《ཀྲུང་གོའི་གུང་ཁྲན་ཏང་གི་དམར་དམག་ཅུན་ཤོག་བཞི་པའི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པའི་གྲོས་ཆོད》ཅེས་པའི་སྙན་ཞུ་ཕུལ་ཏེ།མི་དམངས་དམག་དཔུང་གི་ཆབ་སྲིད་ལས་དོན་ལ་རྨང་གཞི་བཏིང་ཡོད་པ་རེད། འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཀུའུ་ཐེན་གྲོས་ཚོགས་ཀྱི་དྲན་གསོ་ཁང་ལ་གཟིགས་སྐོར་གནང་བཞིན་པ།
           ཀྲིན་ཁྲེང་ཐོག་ཁང་ནི་ལུང་ཡན་གྲོང་ཁྱེར་ཡུང་ཏེན་རྫོང་གི་ཧུའུ་ཁེང་གྲོང་རྡལ་ཧུང་ཁང་གྲོང་ཚོའི་དབུས་ལྷོའི་རྒྱུད་དུ་ཆགས་ཡོད་ཅིང་། དེ་ནི་ད་སྔའི་བར་འཐུས་ཚང་དུ་ལུས་པའི་ས་མཁར་ཤིག་ཡིན་ལ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཡུང་ཏེན་མཁར་གྱང་ལ་གཟིགས་སྐོར་གནང་བཞིན་པ།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཁུ་ཅ་ས་མཁར་ཀྲིན་ཁྲེང་ཐོག་ཁང་ལ་གཟིགས་སྐོར་གནང་བཞིན་པ།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བསླབ་བྱ་ཁང་ལ་གཟིགས་སྐོར་གནང་བཞིན་པ།
           ཟླ11པའི་ཚེས1 ཉིན།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞ་མོན་གྱི་མཇལ་འཕྲད་ཚོགས་ཁང་དང་། ལོ་བརྒྱའི་ཀུའུ་ལང་ཡུས་རྟེན་རྫས་བཤམས་མཛོད་ཁང་། ཀྲུང་གོའི་སྐད་པར་ཕེན་ཙི་རྟེན་རྫས་བཤམས་མཛོད་ཁང་། ཀུའུ་ལང་ཡུས་གླིང་ཕྲན་རྒྱལ་སྤྱིའི་བཟོ་སྐྲུན་འགྲེམས་སྟོན། ཀུའུ་ལང་ཡུས་ཧྥུན་ཆིན་རྟེན་རྫས་བཤམས་མཛོད་ཁང་སོགས་སུ་གཟིགས་སྐོར་གནང་པ་དང་། འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཞ་མོན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ལ་གཟིགས་སྐོར་གནང་བཞིན་པ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ལོ་བརྒྱའི་ཀུའུ་ལང་ཡུས་རྟེན་རྫས་བཤམས་མཛོད་ཁང་ལ་གཟིགས་སྐོར་གནང་བཞིན་པ།
           ཀྲུང་གོའི་སྐད་པར་ཕེན་ཙི་རྟེན་རྫས་བཤམས་མཛོད་ཁང་དུ་ལས་སྒྲུབ་མི་སྣས་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་ཀྱི་རོལ་དབྱངས་སྐད་པར་ཕེན་ཙི་བཏང་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དེ་ཐོས་རྗེས།“འདི་ནི་ཐུབ་བསྟན་ལགས་རེད་འདུག་ག”ཅེས་དེ་འཕྲལ་ངོས་ཟིན་པ་རེད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་སྐུ་ཞབས་སུན་ཀྲུང་ཧྲན་གྱི་ཆེས་མཐའ་མཇུག་གི་གཏམ་བཤད་སྒྲ་ཕབ་གཅིག་པུར་གསན་བཞིན་པ།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཧྥེང་ཆིན་རྟེན་རྫས་བཤམས་མཛོད་ཁང་ལ་གཟིགས་སྐོར་གནང་རྗེས་རྣོ་སྦྲེང་དཀྲོལ་བའི་རོལ་དབྱངས་ལ་རོལ་མྱོང་གནང་བཞིན་པ།
           ཟླ11པའི་ཚེས3ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཧྥུའུ་ཏིང་གྲོང་ཁྱེར་དུ་ཀྲུང་གོའི་དབུལ་སྐྱོར་གྲོང་ཚོ་ཐོག་མ་སྟེ་ཁྲེ་ཤིས་གྲོང་ཚོར་གཟིགས་སྐོར་གནང་པ་དང་། འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཁྲེ་ཤིས་གྲོང་ཚོའི་བཤམས་སྟོན་ཁང་ལ་གཟིགས་སྐོར་གནང་བཞིན་པ་རེད།
           ཟླ11པའི་ཚེས2ཉིན་ནས་ཚེས6ཉིན་བར།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་སྔ་རྗེས་སུ་ལྷོ་གྲུ་འཛིན་དགོན་དང་ཕེན་ཤིན་དགོན།ཡོང་ལུ་དགོན།ཡུང་ཆོན་དགོན་བཅས་སུ་ཕེབས་ནས་མཆོད་མཇལ་གནང་པ་དང་།འདི་ནི་ཐེན་ཤིན་ཡུང་ལི་དགོན་དུ་དགེ་འདུན་པའི་སེར་སྦྲེངས་རུ་ཁག་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགོན་པར་གདན་འདྲེན་ཞུ་བཞིན་པ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཕེན་ཤིན་དགོན་དུ་ཞལ་འདོན་དང་མཆོད་མཇལ་གནང་བཞིན་པ།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཞལ་འདོན་དང་མཆོད་མཇལ་གནང་བཞིན་པ།
           ཟླ11པའི་ཚེས2ཉིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཧྥུ་ཅན་ཞིང་ཆེན་གྱི་ནང་བསྟན་སློབ་གླིང་གི་དགེ་སློབ་དང་བཞུགས་མོལ་གནང་བ་རེད། བཞུགས་མོལ་གནང་རིང་།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ལྷན་རྒྱས་ཡོངས་ནས་རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་བརྩི་སྡོམ་སྲུང་གི་དགེ་འདུན་པ་ཞིག་བྱེད་དགོས་པ་མ་ཟད་།ཚང་མར“མིག་རྒྱང་རིང་ཞིང་ཁོག་རྒྱ་ཆེ་བ། ཏན་ཏན་ཏིག་ཏིག་དང་མིག་སྔར་ལ་གཞི་ཚུགས་པའི”སྐོར་གྱི་རེ་བ་བཞི་བཏོན་པ་རེད།
           པཎ་ཆེན་སྐུ་ཕྲེང་བཅུ་པས་ལྷོ་གྲུ་འཛིན་དགོན་དུ་པཎ་ཆེན་སྐུ་ཕྲེང་བཅུ་པའི་བོད་ཡིག་གི་ཕྱག་བྲིས“མཆོག་གསུམ་བྱམས་བརྩེའི་འོད་འབུམ་གྱིས། མ་གྱུར་འགྲོ་ཀུན་སྲིད་ལས་བགྲོལ། ལྷོ་ཕྱོགས་པོ་ཏའི་བྱིན་མཐུ་ལས། མཚོ་ངོགས་སེམས་བརྩེ་རྗེས་སུ་ཆགས།”ཅེས་པར་གཟིགས་མཇལ་གནང་བཞིན་པ་རེད།
           ཟླ11པའི་ཚེས4ཉིན་ནས་ཚེས5ཉིན་བར། པཎ་ཆེན་སྐུ་ཕྲེང་བཅུ་པས་ཧྥུ་ཀྲོའུ་རུ་ལེན་ཙེ་ཞུས་ཀྱི་དྲན་གསོ་ཁང་དང་ཡན་ཧྥུའི་དྲན་གསོ་ཁང་།ལིན་ཅུའེ་རྨིན་དང་པིང་ཤིན་གྱི་བཞུགས་གནས་རྙིང་པ། ཧྥུའུ་ཅན་ཞིང་ཆེན་དམངས་སྲོལ་རྟེན་རྫས་བཤམས་མཛོད་ཁང་བཅས་ལ་གཟིགས་སྐོར་གནང་པ་དང་། འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཡན་ཧྥུའི་དྲན་གསོ་ཁང་དུ་གཟིགས་སྐོར་གནང་བཞིན་པ་རེད།