ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཕ་ན་མའི་ཙུང་ཐུང་ཕ་ལེ་ལཱ་དང་གྲོས་མོལ་མཛད།

སྤེལ་དུས 2018-12-04 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ན་མ་གྲོང་ཁྱེར་ནས་ཕ་ན་མའི་ཙུང་ཐུང་ཕ་ལེ་ལཱ་དང་གྲོས་མོལ་མཛད།
            ས་དེའི་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ན་མ་གྲོང་ཁྱེར་ནས་ཕ་ན་མའི་ཙུང་ཐུང་ཕ་ལེ་ལཱ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཕ་ན་མའི་བར་འབྲེལ་བ་བཙུགས་རྗེས་ཕྱོགས་གཉིས་ཀྱི་འབྲེལ་གོང་འཕེལ་དུ་སོང་བའི་གནས་བབ་དང་མཉམ་ལས་ཀྱི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་མཛད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་གོང་འཕེལ་དུ་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་བ་མང་པོ་བྱུང་།
            ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕ་ན་མའི་བར་འབྲེལ་བ་བཙུགས་ནས་ལོ་གཅིག་དང་ཕྱེད་ཀའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་ཆེན་པོ་བྱུང་བ་དང་། ཆབ་སྲིད་ཀྱི་ཡིད་ཆེས་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་ལ། ཁྱབ་ཁོངས་སོ་སོའི་འགྲོ་འོང་མཉམ་ལས་མགྱོགས་མྱུར་སྒོས་གོང་འཕེལ་དུ་སོང་ནས་ཕན་འབྲས་མངོན་གསལ་ཐོབ་ཡོད། དོན་དངོས་ལས་ཀྲུང་གོ་དང་ཕ་ན་མའི་བར་འབྲེལ་བ་བཙུགས་པ་ནི་ཧ་ཅང་ཡང་དག་པ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་ར་སྤྲོད་བྱུང་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ན་ཡང་། ཀྲུང་གོ་དང་ཕ་ན་མའི་མཛའ་མཐུན་འབྲེལ་བ་སྲ་བརྟན་དང་གོང་འཕེལ་དུ་གཏོང་བ་ནི་ཀྲུང་གོའི་འགྱུར་བ་མེད་པའི་ཕྱི་འབྲེལ་བྱེད་ཕྱོགས་ཡིན། ཀྲུང་གོས་ཕ་ན་མ་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། དམངས་ཚིས་ལེགས་སྒྱུར་བྱེད་པ། རྒྱལ་སྤྱིའི་ཤན་ཤུགས་ཇེ་ཆེར་གཏོང་བ་སོགས་ལ་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཕ་ན་མས་ས་ཁུལ་གྱི་དཔལ་འབྱོར་མཉམ་འདྲེས་སོགས་ཕྱོགས་ནས་ནུས་པ་སྔར་ལས་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།
            ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཕ་ན་མ་དང་མཉམ་དུ། མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། སྲིད་གཞུང་སྡེ་ཁག་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་བཅས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོས་ཕ་ན་མ་ཕྱོགས་ཀྱིས་ཐའེ་ཝན་སོགས་ཀྲུང་གོའི་སྲོག་ཤིང་ཁེ་ཕན་གྱི་གནད་དོན་ཐད་ནས་ཀྲུང་གོར་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར།
            ཞི་ཅིན་ཞིང་གིས་བསྟན་དོན། ཀྲུང་གོས་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་ཕ་ན་མའི་བར་དུ་རང་དབང་ཉོ་འཚོང་གི་གྲོས་མོལ་བྱེད་འདོད་ཡོད་ལ། མི་ཆོས་དང་ས་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་དམངས་བློའི་རྨང་གཞི་སྲ་བརྟན་དུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་གཞོགས་འདེགས་ལ་ཤུགས་སྣོན་དགོས་ཟེར།
            ཕ་ལེ་ལཱ་ཡིས་བསྟན་དོན། ཕ་ན་མ་དང་ཀྲུང་གོའི་བར་དུ་འབྲེལ་བ་བཙུགས་རྗེས། ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་ཆེན་པོ་བྱུང་ཡོད། ཕ་ན་མས་ཀྲུང་གོ་ཕྱོགས་ཀྱིས་ཕ་ན་མའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཕ་ན་མས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་ལྷོད་མེད་བྱེད་རྒྱུ་ཡིན་ལ། ཕ་ན་མ་དང་ཀྲུང་གོའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད། ས་ཁུལ་གྱི་མི་དམངས་ལ་ཡང་བདེ་སྐྱིད་བསྐྲུན་ནས། འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཐད་བྱས་རྗེས་འཇོག་ཐུབ་པར་ང་ཚོ་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།
            རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱིས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་བྱས་པར་མ་ཟད་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།