ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྣོད་བཅུད་དོ་དམ་སྲུང་སྐྱོང་པས་རང་ཉིད་ཀྱི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པ།

སྤེལ་དུས 2018-12-05 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            མི་དམངས་དྲ་བའི་འཕྲིན། མཚོ་སྔོ་རེངས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་དུ་གནས་ཤིང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ཁྱབ་ཁོངས་ནང་གི་གལ་ཆེའི་སྲུང་སྐྱོང་ས་ཁོངས་དུ་ཚུད་ཡོད། ཉེ་བའི་ལོ་ཤས་ནང་སྲིད་གཞུང་གིས་ས་གནས་དེའི་འབྲོག་པ་སྣོད་བཅུད་དོ་དམ་སྲུང་སྐྱོང་པར་བསྡུས་པས་ཕྱུགས་ཟོག་འཚོ་སྐྱོང་པ་ནས་དོ་དམ་སྲུང་སྐྱོང་པར་འགྱུར་ཏེ་འབྲོག་པ་ཚོའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བཏང་བ་མ་ཟད། སྣོད་བཅུད་སྲུང་སྐྱོང་ནང་ཧུར་ཐག་ཞུགས་མཁན་ཞིག་ཏུ་གྱུར་ཡོད། མིག་སྔར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ཁྱབ་ཁོངས་ནང་གི་སྣོད་བཅུད་དོ་དམ་སྲུང་སྐྱོང་པའི་ལས་གནས་སུ་ལས་ཀ་བྱེད་མཁན་མི་17211ཡོད་པ་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་ཤང་གྲོང་དོ་དམ་སྲུང་སྐྱོང་ས་ཚིགས་དང་། གྲོང་ཚོ་རིམ་པའི་དོ་དམ་སྲུང་སྐྱོང་རུ་ཁག  དོ་དམ་སྲུང་སྐྱོང་ཡན་ལག་རུ་ཁག་ཆུང་ངུ་བཅས་ཀྱིས"ཚགས་དམ་ལ་ཡོངས་སུ་ཁྱབ་པའི"སྲུང་སྐྱོང་གི་མ་ལག་ཅིག་སྒྲུབ་ཡོད།