ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སི་ཁྲོན་དཀར་མཛེས་ཁུལ་ལི་ཐང་གི་ཁྱད་ཆོས་ལྡན་པའི་ལག་ཟས་འགྲན་སྡུར་སྐབས་དང་པོར་ལྟད་མོ་ཧ་ཅང་ཆེ་བ།

སྤེལ་དུས 2018-12-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་12པའི་ཚེས་1ནས་ཚེས་2ཉིན་བར། “ས་མཐོའི་ཟས་མཆོག ལི་ཐང་གི་བྲོ་བ”ཞེས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལི་ཐང་རྫོང་གི་ཁྱད་ཆོས་ལྡན་པའི་ལག་ཟས་འགྲན་སྡུར་སྐབས་དང་པོའི་བྱེད་སྒོ་སྤེལ་འགོ་ཚུགས་ཏེ་མང་ཚོགས་དང་གསོལ་མགྲོན་ཁང་གི་མི་སྣ་མི་ཉུང་བ་ཞིག་གི་ཡིད་དབང་འཕྲོགས་ནས་འགྲན་སྡུར་གྱི་བྱེད་སྒོའི་ནང་དུ་ཞུགས། 
          རྒྱུས་ལོན་བྱུང་བ་ལྟར་ན། ལི་ཐང་རྫོང་གི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་རིག་གནས་སྔར་ལས་སྔོག་འདོན་དང་། ལེགས་སྒྲིག ཡར་ཐོན། དར་སྤེལ་དུ་གཏོང་བ་དང་། ཞིམ་ཟས་ཡུལ་སྐོར་གྲོང་ཁྱེར་གྱི་གཟུགས་བརྙན་གསར་པ་གཏོད་དེ་ལུགས་མཐུན་བདེ་ཐང་གི་ཁོར་ཡུག་དང་བཟའ་བཏུང་གི་གོམས་གཤིས་བརྒྱུད་བསྒྲགས་དང་། བདེ་ཐང་གི་བཟའ་བཏུང་འདུ་ཤེས་ཤིག་བཙུགས་ཏེ་སྐྱོན་བྲལ་ཞི་མཐུན་ཡོང་བའི་དགེ་མཚན་ལྡན་པའི་བཟའ་བཏུང་རིག་གནས་ཀྱི་སྣང་ཚུལ་ཞིག་བསྐྲུན་ཆེད། ས་གནས་དེ་གས་ད་ཐེངས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཟས་འགྲན་སྡུར་འདི་སྤེལ་བ་རེད། 

རི་མོ་འདི་ནི་རྩམ་པའི་ཟས་མཆོག་རེད། 
          ད་ཐེངས་ཀྱི་འགྲན་བསྡུར་དེ་ས་གནས་རང་གའི་ཁྱད་ལྡན་ཞིམ་ཟས་འགྲན་བསྡུར་དང་། གསོལ་མགྲོན་ཁང་གི་ཁྱད་ལྡན་ཚལ་རིགས་ཞེས་རིགས་གཉིས་སུ་བགར་ཡོད། ས་གནས་རང་གའི་ཁྱད་ལྡན་ཞིམ་ཟས་གྱི་འགྲན་བསྡུར་ནང་སྐམ་ཤའི་ཤ་མོག་དང་། སྐམ་ཤ་བཙོས་མ། མར་དང་གྲོ་མ་བཅས་རིགས་གསུམ་ཡོད་པ་དང་། འགྲན་ཞུགས་མི་སྣས་ཡུལ་དེ་གར་དངོས་སུ་ལས་དགོས་པ་དང་། དེར་མཁོ་བའི་བཟའ་བཅའི་རྒྱུ་ཆ་ནི་གནས་དེ་གའི་ཞིང་འབྲོག་ཅུས་ཀྱིས་འདོན་སྤྲོད་བྱས་པ་རེད། རང་འདེམས་ཁྱད་ལྡན་ཚལ་ལ་རིགས་གསུམ་ཡོད་ཅིང་། འགྲན་སྡུར་འདིའི་རང་འདེམས་ཀྱི་བཟའ་བཅའི་རྒྱུ་ཆ་ནི་འགྲན་ཞུགས་པ་རང་ཉིད་ཀྱིས་གྲ་སྒྲིག་བྱེད་དགོས། འགྲན་ཞུགས་མི་སྣ་ནི་གཙོ་བོ་ས་ཁུལ་ལྔའི་བཟོ་ཨུ་དང་གཙོ་གནད་གྲོང་རྡལ་གྱིས་འོས་སྦྱོར་གྱི་འགྲན་སྡུར་ནང་ཞུགས་པ་རེད། གསོལ་མགྲོན་ཁང་རིགས་ཀྱི་ཁྱད་ལྡན་མིང་གྲགས་ཆེ་བའི་ཚལ་རིགས་འགྲན་སྡུར་ལ་རང་འདེམས་ཀྱི་ཁྱད་ཆོས་ལྡན་པའི་མིང་གྲགས་ལྡན་པའི་ཚལ་རིགས་གཉིས་ཡོད་དེ། གཅིག་ནི་ཐོན་རྫས་ཀྱི་མིང་གྲགས་དང་། ཅིག་ཤོས་ནི་ལས་ཡུལ་དུ་གསར་བཟོ་བྱེད་དགོས། འགྲན་ཞུགས་པ་རྣམས་ནི་ས་གནས་དེ་གའི་མགྲོན་ཁང་དང་། གསོལ་མགྲོན་ཁང་། ཟ་ཁང་བཅུ་གཉིས་ཀྱིས་འོས་སྦྱོར་བྱས་པའི་བདམས་ཐོན་པ་ཡིན་དགོས།

རི་མོ་འདི་ནི་མཐོ་སྒང་གི་ཟས་ཞིམ་རེད།
རི་མོ་འདི་ནི་ངག་རྒྱུན་ཁྲོད་ཀྱི་བཀྲ་ཤིས་ཐུག་པ་རེད། 
          གསོལ་མགྲོན་ཁང་བཅུ་གཉིས་ཞུགས་པའི་ཁྱད་ལྡན་ལག་ཟས་འགྲན་སྡུར་གྱིས་ཁྱད་ལྡན་ཚལ་རིགས་24ནང་ནས“ཁྱད་ཆོས་ལྡན་པའི་མིང་གྲགས་ཚལ”ལྔ་བདམས་ཐོན་བྱུང་བ་སྟེ། དེ་དག་ནི“ངག་རྒྱུན་ལི་ཐང”གིས་བཟོས་པའི་ངག་རྒྱུན་གྱི་བཀྲ་ཤིས་ཐུག་པ་དང་། ངག་རྒྱུན་གྱི་ཡུལ་དཔོན་ཚགས་ཤ་ལྷེབ་མོ། ཟས་མཆོག་ཟ་ཁང་གིས་བཟོས་པའི་མཐོ་སྒང་རྩ་ཆེའི་ཟས་རིགས་དང་། ཀའོ་ཁྲེང་མགྲོན་ཁང་གི་དབྱར་རྩྭ་དགུན་འབུའི་ལུས་གསོ་ཐུག་པ། དབྱར་རྩྭ་དགུན་འབུ་གསོལ་མགྲོན་ཁང་གི་དམར་ཚ་སྐམ་ཤ་བཅས་ཡིན། 
རི་མོ་འདི་ནི་ནས་དང་སྐམ་ཤའི་ཁུ་བ་རེད།
རི་མོ་འདི་ནི་ཕྱུར་བའི་གོ་རེ་རེད།
རི་མོ་འདི་ནི་སྣུམ་བཙོས་ཞོ་རེད། 
          ད་ཐེངས་ཀྱི་ཁྱད་ལྡན་ཞིམ་ཟས་འགྲན་བསྡུར་གྱི་ལྟད་མོ་ཆེ་ཞིང་བཀྲག་མདངས་འཚེར་ས་མང་བ་དང་། དེར་ལི་ཐང་རང་སའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞིམ་ཟས་འདུ་བར་མ་ཟད། ད་རུང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིམ་ཟས་རིག་གནས་གང་ལེགས་སྒོས་སྔོག་འདོན་དང་ཞིམ་ཟས་རིག་གནས་སྤུས་རྟགས་སྐྱེད་སྲིང་བྱས་ཡོད།
རི་མོ་ནི་རྩམ་པའི་ཕཱེ་ས་རེད། 
          རྒྱུས་ལོན་བྱུང་བ་ལྟར་ན། སླད་ཕྱིན་ལི་ཐང་རྫོང་གིས་ད་དུང་ལོ་ལྟར་ཁྱད་ཆོས་ལྡན་པའི་ལག་ཟས་འགྲན་སྡུར་ཐེངས་རེ་སྤེལ་ཏེ། ཟམ་མི་ཆད་པར་བཟའ་བཏུང་རིག་གནས་ཀྱི་སྤུས་རྟགས་སྐྱེད་སྲིང་དང་། ཞིམ་ཟས་ཡུལ་སྐོར་གྲོང་ཁྱེར་གྱི་གཟུགས་བརྙན་གསར་གཏོད་བྱས་ཏེ“ཡུལ་སྐོར་དང་ཟས་ཞིམ་རིག་གནས“སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་།