ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཝང་ཡང་ནས་སྣེ་ཁྲིད་པའི་ཀྲུང་དབྱང་སྐུ་ཚབ་ཚོཊ་པ་ཀོང་ཞི་རུ་འབྱོར་བ།

སྤེལ་དུས 2018-12-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཝང་ཡང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ནན་ཉིང་དུ་ཕེབས་ཏེ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་༦༠འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་གནང་བ།
           ནན་ཉིང་དུ་ཆར་པ་སིམ་སིམ་བབ་ཅིང་མཁའ་རླུང་ཤིན་ཏུ་གཙང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པ་སྤྱི་ཚེས་༩ཉིན་གྱི་ཕྱི་དྲོ་ནན་ཉིང་དུ་ཕེབས་འབྱོར་ཟིན་ཏེ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་༦༠འཁོར་བའི་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པ་དང་། གནམ་གྲུ་ཐང་དུ་ཀོང་ཞི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་དབྱང་སྐུ་ཚབ་ཚོགས་པར་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
           ནན་ཉིང་ཝུ་ཞུལ་རྒྱལ་སྤྱིའི་གནམ་ཐང་དུ་དུས་ཆེན་གྱི་རྣམ་པས་ཁེངས་པ་དང་། དགའ་བསུ་ཞུ་མཁན་གྱི་མི་ཚོགས་ཁྲོད། ༼བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་ཀོང་ཞི་ལ་བྱམས་བརྩེའི་ཐུགས་ཁུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་༽ཞེས་པའི་སྦྱར་ཡིག་གསལ་པོར་མཐོང་ཐུབ་ཀྱི་ཡོད།
           ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡེའུ་ཆོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པདྨ་འཕྲིན་ལས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་པེའོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པ་ཐེར། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན། དམག་ཨུད་ཆབ་སྲིད་ལས་དོན་པུའི་ཀྲུའུ་རིན་མེའོ་ཧྭ་བཅས་མཉམ་དུ་གནམ་གྲུའི་སྐས་ཀ་ནས་བབ་ཅིང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་དུས་གཅིག་ཏུ་ཕེབས་འབྱོར་ཟིན་ཡོད་པ་རེད།
           ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལུའུ་ཤིན་ཧྲེ་དང་། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཁྲེན་ཝུ་སོགས་གནམ་ཐང་དུ་ཕེབས་བསུ་ཞུ་བར་བཅར་ཡོད།
           ཀྲུང་དབྱང་སྐུ་ཚབ་ཚོགས་པ་སྤྱི་ཚེས་༩ཉིན་གྱི་སྔ་དྲོ་ཆེད་གཏོང་གནམ་གྲུར་ཞུགས་ཏེ་པེ་ཅིང་ནས་ནན་ཉིང་དུ་ཕེབས་པ་དང། སྐུ་ཚབ་ཚོགས་པར་ཁོངས་མི་༦༣ཡོད་པ་དང་། སྐུ་ཚབ་ཁྲོད་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་དང་། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས། རང་སྐྱོང་ལྗོངས་གཞན་བཞི་པོ་དང་ཀོང་ཞི་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཀོང་ཏུང་ཞིང་ཆེན་གྱི་འབྲེལ་ཡོད་འགན་ཁུར་མི་སྣ་སོགས་ཡོད་པ་རེད།