ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་བའི་ལས་གཞི་འཛུགས་སྐྲུན་བྱེད་འགོ་བརྩམས།

སྤེལ་དུས 2018-12-11 ཡོང་ཁུངས། ཞིན་ཧྭ་དྲ་བ། རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།
འདི་ནི་ཟླ12པའི་ཚེས10ཉིན་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་བའི་ལས་གཞི་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་ཡུལ་དངོས་རེད།
           ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས10ཉིན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་བའི་འཛུགས་སྐྲུན་ལས་གཞི་དེ་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་རྩིག་རྨང་འདིང་བའི་མཛད་སྒོ་བསྡུས། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་བའི་འཛུགས་སྐྲུན་ལས་གཞི་དེ་ལྷ་ས་གྲོང་ཁྱེར་གྱི་སློབ་གསོ་གྲོང་དུ་ཡོད་ཅིང་། ས་གཞིའི་རྒྱ་ཁྱོན་མུའུ500ཟིན་པ་དང་། ལས་གཞིར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར10བཏང་ཡོད་ལ། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི21.38ཟིན་ཡོད་དེ། འཆར་གཞི་ལྟར་ན2021ལོར་འཛུགས་སྐྲུན་ལེགས་འགྲུབ་འབྱུང་ནས་དངོས་སུ་བེད་སྤྱོད་བྱ་རྒྱུ་རེད།
           ལས་གཞི་དེ་སློབ་གསོ་པུའུ་མཐོ་སློབ་འཛུགས་སྐྲུན་གྱི་གཞི་རྩའི་ཚད་གཞི་དང་སློབ་གྲྭའི་སྦྱོང་ཚན་དང་ཆེད་ལས་ཀྱི་ཁྱད་ཆོས་དགོས་མཁོ་ལྟར་ཇུས་འགོད་བྱས་ཡོད་དེ། སློབ་ཁྲིད་དང་། ཚན་རིག་ཞིབ་འཇུག ཚོད་ལྟ་ཁང་། དཔེ་དེབ་དྲ་རྒྱ། ལུས་རྩལ་བཅས་ཀྱི་ཞབས་ཞུ་སྒྲིག་ཆས་ཁ་ཚང་ཡོད་པ་དང་། བཟོ་སྐྲུན་གྱི་རྣམ་པ་དེ་བོད་ལུགས་གསོ་རིག་སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན་གྱི་ཚན་རྩལ་མཐོན་པོ་གཉིས་ཟུང་འབྲེལ་བྱས་ཡོད་པའི་ཁྱད་ཆོས་ལྡན།
འདི་ནི་ཟླ12པའི་ཚེས10ཉིན་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་སློབ་རྣམས་སློབ་ཁུལ་གསར་བའི་ལས་གཞི་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་མཛད་སྒོར་བཞུགས་པའི་ཚུལ་རེད།
འདི་ནི་ཟླ12པའི་ཚེས10ཉིན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་བའི་ལས་གཞིའི་རྨང་འདིང་མཛད་སྒོའི་ཡུལ་དངོས་རེད།