ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྤྲོ་སྣང་དང་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱེད་པ།

སྤེལ་དུས 2018-12-11 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། གཡུ་སྒྲོན་གྱིས་བསྒྲིགས།

འདི་ནི་ཕྲུ་གུ་ཚོས་མིག་མངས“འགྲན་བསྡུར”བྱེད་བཞིན་པ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་བྱང་ཚད་སློབ་གསོའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་སྣ་མང་ཕུན་སུམ་ཚོགས་པའི་སློབ་གསེང་བྱེད་སྒོ་སྤེལ་བ་དང་དེ་བཞིན་དུས་ངེས་མེད་ངང་འགྲན་བསྡུར་སྣ་ཚོགས་གཉེར་བ་བརྒྱུད་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཕན་པ་ཐོབ་ཡོད་ལ། ཁོང་ཚོའི་སློབ་གསེང་འཚོ་བ་ཡང་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ཉེ་ཆར་བོད་ལྗོངས་ཀྱི་བོད་ཀྱི་མིག་མངས་མཐུན་ཚོགས་ཀྱིས་ལྷ་སར་བོད་ཀྱི་མིག་མངས་འགྲན་བསྡུར་དང་ཁྱབ་གདལ་བྱེད་སྒོ་སྤེལ་བ་དང་། སློབ་གྲྭ་འབྲིང་ཆུང་20ལྷག་ཙམ་གྱི་སློབ་མ་130ལྷག་ཙམ་འགྲན་བསྡུར་ལ་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད།