ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་རྒྱལ་ཁབ་ཀྱིས་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་བའི་ཆེད་དོན་ཞིབ་འཇུག་གྲོས་མོལ་ཚོགས་འདུ་འཚོགས་པ།

སྤེལ་དུས 2018-12-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
 
                  ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་གིས་མཉམ་འབྲེལ་ཐོག་གཙོ་སྒྲུབ་གནང་བའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱིས་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་བའི་ཆེད་དོན་ཞིབ་འཇུག་གྲོས་མོལ་ཚོགས་འདུ་སྤྱི་ཚེས་༡༠ཉིན་ཤང་ཀང་དུ་འཚོགས་ཡོད་པ་རེད། ཐེངས་འདིའི་ཞིབ་འཇུག་གྲོས་མོལ་ཚོགས་འདུ་ཡིས་བཅོས་བསྒྱུར་སྒོ་དབྱེ་ཡི་འོད་སྟོང་འབར་བའི་ལོ་ངོ་༤༠ཡི་ནང་། ཤང་ཀང་རྒྱལ་ཁབ་དང་ལྷན་དུ་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་སུ་སོང་བ་ཞེས་པ་སྙིང་དོན་དུ་བཟུང་ཞིང་། འདི་ནི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱིས་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱེད་སྒོའི་གྲས་ཀྱི་གཅིག་ཡིན་པ་དང་། ཤང་ཀང་དང་ནང་སའི་ལས་རིགས་ཁག་གི་མི་སྣ་ཆིག་སྟོང་ཙམ་ཞིབ་འཇུག་གྲོས་མོལ་ཚོགས་འདུའི་ནང་ཞུགས་ཡོད་པ་རེད། ཚོགས་ཞུགས་མི་སྣས་རང་ཉིད་ཀྱིས་དངོས་སུ་བརྒྱུད་མྱོང་བའི་ཉམས་མྱོང་དང་ འབྲེལ་ནས། རྒྱལ་ཁབ་ཀྱི་བསྒྱུར་བཅོས་སྒོ་དབྱེ་ཡི་གྲུབ་འབྲས་དང་། ཤང་ཀང་གི་ལེགས་སྐྱེས། ཤང་ཀང་རྒྱལ་ཁབ་ཀྱི་རེས་སྐོར་གསར་བའི་བསྒྱུར་བཅོས་སྒོ་དབྱེ་ཁྲོད་ཀྱི་ཐོབ་ཐང་གསར་བ་སོགས་ཕྱོགས་བསྡོམས་བྱས་ཡོད་པ་རེད།