ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀན་ལྷོར་ཁྲོམ་བྲོ་འཁྲབ་པའི་བྱེད་སྒོ་སྤེལ་བ།

སྤེལ་དུས 2018-12-11 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།

              ལོ་རེའི་ཟླ་བཅུ་གཉིས་པར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སྤྱི་ཕན་གྱི་བྱ་བར་དགའ་བའི་གྲོགས་པོ་མང་པོ་སླེབས་ནས། བོད་ཁུལ་གྲོང་གསེབ་ཀྱི་ཕྲུ་གུ་ཚོར་ཞབས་བྲོ་ཁྲིད་པ་དང་། བྱམས་སེམས་ཀྱི་ཞལ་འདེབས་ཕུལ་ནས་དགུན་དུས་ལ་དྲོ་སྐྱིད་སྦྱིན་གྱི་ཡོད། ཉེ་ཆར། “ཁྲོམ་བྲོའི་སྒྱུ་རྩལ་བོད་ཁུལ་ལ་བསྐྱོད་པ”ཡི་བྱེད་སྒོ་ཐེངས་གཉིས་པ་ཀན་སུའུ་ཞིང་ཆེན་ཀན་ལྷོའི་གཙོས་གྲོང་ཁྱེར་དུ་སྤེལ་ཡོད།
              གཞན་དང་མི་འདྲ་བའི་སྤྱི་ཕན་གྱི་བྱེད་སྒོ་འདིས་བྱིས་པའི་སྒྱུ་རྩལ་གྱི་བློ་སྒོ་ཕྱེ་ཡོད་དེ། བྱེད་སྒོའི་ཡུལ་དངོས་ཀྱི་གཙོས་སློབ་ཆུང་ལྔ་པའི་སློབ་མ་མང་ཆེ་བ་ནི་ཁྲོམ་བྲོ་དང་འབྲེལ་ཐེངས་དང་པོ་ཡིན་པས། དར་སྲོལ་གསར་པའི་ཞབས་བྲོ་འདི་རིགས་ལ་ངོ་མཚར་གྱིས་ཁེངས་འདུག
              ད་ཐེངས་ཀྱི་སྤྱི་ཕན་བྱེད་སྒོ་ནི་གུང་གཞོན་ཚོགས་པ་ཀན་ལྷོ་ཁུལ་ཨུ་དང་། ཀྲུང་གོ་གར་མཁན་མཐུན་ཚོགས་ཁྲོམ་བྲོ་ཨུ་ལྷན་ཀན་སུའུ་མནའ་འབྲེལ། ཀན་སུའུ་ཞིང་ཆེན་གར་མཁན་མཐུན་ཚོགས་ཁྲོམ་བྲོ་ཨུ་ལྷན་བཅས་ཀྱིས་གཙོ་གཉེར་བྱས་ཡོད།
              བྱེད་སྒོ་སྤེལ་རིང་། “ཁྲོམ་བྲོའི་སྒྱུ་རྩལ་བོད་ཁུལ་ལ་བསྐྱོད་པ”ཡི་བྱེད་སྒོའི་རྒན་ལགས་རྣམས་ཀྱིས་ད་དུང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་དུ་གཞིས་ལུས་བྱིས་པ་དང་སློབ་མ་དབུལ་བོ་དག་ལ་ཞལ་འདེབས་ཕུལ་ཡོད། དེ་དང་དུས་མཚུངས་སུ། དེ་གའི་སློབ་ཆུང་སློབ་མ་རྣམས་ལ་ཀྲུང་གོའི་ནུབ་ཕྱོགས་ན་གཞོན་སྤྱི་ཕན་གསར་གཏོད་པའི་མནའ་འབྲེལ་དང་ཀན་སུའུ་ཞིང་ཆེན་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་རོགས་སྐྱོར་ཞལ་འདེབས་ཕུལ་བའི་སློབ་ཆུང་གི་ལོ་ན་དང་འཚམ་པའི་དཔེ་དེབ1000ཕུལ་ཡོད།