ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞིང་ཆེན་ཡོངས་ཀྱི་གསར་འགྱུར་མཐུན་སྦྱོར་ཚོགས་འདུ་མཚོ་ནུབ་ཏུ་བསྡུས།

སྤེལ་དུས 2018-12-12 ཡོང་ཁུངས། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཟླ12པའི་ཚེས11ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་མཐུན་སྦྱོར་ཚོགས་འདུ་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས། 
          མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མཱིན་ཧེ་ཡིས་ཚོགས་འདུར་ཤིས་ཚིག་ཕུལ་ཞིང་། མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ལིག་ཝེ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཐའེ་ཀྲང་ཀྲིག་ཞན་ཨན་གཉིས་ཀྱིས་ཚོགས་འདུའི་སྟེང་གཏམ་བཤད་གལ་ཆེན་གནང་།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཐའེ་ཀྲང་གཞོན་པ། སྤྱི་ཁྱབ་རྩོམ་སྒྲིག་པ་ལིས་ཧྥུའུ་ཁྲིན་གྱིས་ཚོགས་འདུར་འགོ་འཛིན་མཛད། ཀྲུང་གོ་རྒྱང་སྒྲོག་བརྙན་འཕྲིན་ཇུས་འགོད་ཞིབ་འཇུག་གླིང་གི་ཏང་ཨུའི་ཧྲུའུ་ཅིའམ་གླིང་གཙོ་ཞིས་ཞིག་ཀྲུང་དང་མཚོ་ནུབ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཡུན་ཧེ་མེན་སོགས་ཚོགས་འདུར་ཞུགས། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཚོ་ནུབ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་སྨྱན་བྱད་གསར་འགྱུར་ལས་ཁུངས། ཞིང་ཆེན་དང་ཁུལ།རྫོང་སོ་སོ་ནས་བསླེབས་པའི་གསར་འགྱུར་སྨྱན་བྱད་སྡེ་ཁག་གི་གསར་འགོད་ལས་བྱེད་མི་སྣ་ཉིས་བརྒྱ་ལྷག་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད།
          ཚོགས་འདུ་ལས2018ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྒྲོག་བརྙན་འཕྲིན་དང་གསར་འགྱུར་མཐུན་སྦྱོར་གྱི་དམིགས་བསལ་བྱས་རྗེས་བྱ་དགའ་དང་འཕྲིན་གཏོང་མཐུན་སྦྱོར་གྱི་སྔོན་ཐོན་ཚོགས་པ། ཕུལ་བྱུང་མི་སྒེར།གསར་འགྱུར་ཕྱི་ཕྱོགས་དྲིལ་བསྒྲགས་མཐུན་སྦྱོར་གྱི་སྔོན་ཐོན་ཚོགས་པ། ཕུལ་བྱུང་མི་སྒེར།སྨྱན་བྱད་མཉམ་འདྲེས་གྱི་བྱས་རྗེས་བྱ་དགའ་ཐོབ་པའི་མིང་ཐོ་སོགས་ཁྱབ་བསྒྲགས་བྱས་ཤིང་བྱ་དགའི་གཟེངས་བསྟོད་ཀྱི་དཔང་ཡིག་བསྩལ་པར་མ་ཟད།  མཚོ་སྔོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་སྐོར་ཐེངས་དང་པོའི་གསར་འགོད་པའི་ས་ཚིགས་བརྒྱད་ལ་སྒོ་བྱང་གནང་བ་དང་། མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་གྲོང་ཁྱེར། ཁུལ། རྫོང་གི་སྨྱན་བྱད་འཐུས་ཚབ་པའི་བར་གསར་འགྱུར་ཐོན་ཁུངས་མཉམ་འབྲེལ་གྱི་གན་རྒྱ་དང་། སྨྱན་བྱད་གསར་བའི་འཐུས་ཚབ་པའི་བར་ཉིན་རེའི་གསར་འགྱུར་ཚ་ཤོས་འདོན་སྤྲོད་བྱེད་པའི་འཐབ་ཇུས་མཉམ་ལས་གན་རྒྱ་བཞག  ཚོགས་འདུ་ལས་ད་དུང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མཚོ་ལྷོ་དང་མཚོ་བྱང་། མགོ་ལོག་ཏུ་སྡོད་པའི་གསར་འགྱུར་འཕྲིན་གཏོང་བྱ་བའི་ས་ཚིགས་ལ་སྒོ་བྱང་འགེལ་བའི་ཆོག་མཆན་སྤྲད།
          ཚོགས་ཞུགས་འཐུས་མི་རྣམས་ཀྱིས་གཏམ་བཤད་ཁྲོད་གཅིག་རྗེས་གཉིས་མཐུད་ཀྱིས་འདས་པའི་ལོ་གཅིག་གི་རིང་ལ་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་སྨྱན་བྱད་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཁོང་གིས་བཏོན་པའི་གསར་འགྱུར་དྲིལ་སྒྲོག་བྱ་བའི་གལ་ཆའི་བླང་བྱ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་བཱང་ཅན་ཅོན་གྱིས་སྨྱན་བྱད་གསར་འགྱུར་སྡེ་ཁག་ལ་བཏོན་པའི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་གཏམ་བཤད་མཛུབ་སྟོན་དུ་བཟུང་སྟེ། གཙོ་གནད་འབུར་ཐོན་བྱེད་པ་དང་གསལ་ཆ་མངོན་པར་བཏོད་དེ་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་མཛུབ་ཁྲིད་འོག དཀའ་སྤྱད་འབད་འབུངས་ལས་ཐོབ་པའི་སྙིང་སྟོབས་དང་། བདེ་སྐྱིད་ཀྱི་འཚོ་བ། མི་སེམས་སྒུལ་བའི་གཏམ་རྒྱུད་རེ་རེ་སོགས་རྒྱང་སྒྲོག་དང་བརྙན་མིག སྨྱུག་རྩེ་བརྒྱུད་ནས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་མིག་གི་དགའ་སྟོན་དང་རྣ་བའི་གསོས་སུ་བསྒྲོན་པས་ཏང་དང་སྲིད་གཞུང་གི་སྲིད་ཇུས་ལག་བསྟར་བྱེད་པར་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཞིང་། གོམ་པ་རྗེས་མར་མུ་མཐུད་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བའི་ཚུན་གྱི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་གླུ་རུ་གྱེར་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་མི་དམངས་མང་ཚོགས་ཀྱི་བློ་དཀར་ཞབས་འདེགས་པ་བྱ་རྒྱུ་ཡིན་པའི་བསམ་ཚུལ་བསྟན།
          གསར་འགྱུར་མཐུན་སྦྱོར་ཚོགས་འདུ་ནི་ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་ཀྱིས་གསར་འགྱུར་ཐོན་ཁུངས་མཉམ་སྤྱོད་བྱས་ཏེ་དྲིལ་སྒྲོག་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་བྱེད་པར་བསྐྲུན་པའི་གར་སྟེགས་གལ་ཆེན་ཞིག་ཡིན་ཏེ། 2013ལོར་ཐོག་མར་སྤེལ་བ་ཡིན་ལ། རང་ཁུལ་གྱིས་འདི་ལྟ་བུའི་བྱ་འགུལ་སྤེལ་བ་བརྒྱུད་ནས་མཚོ་ནུབ་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་བླངས་པའི་བླ་ན་མེད་པའི་གྲུབ་འབྲས་ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་པ་དང་། གསར་འགྱུར་སྨྱན་བྱེད་ལས་རིགས་དང་སྨྱན་བྱད་གསར་བའི་ཞབས་ཞུ་ཆུ་ཚད་མཐོར་འདེགས་སུ་གཏོང་བར་ནུས་པ་མི་དམན་པ་ཐོན་ངེས།