ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་པེ་ཅིན་ལ་བྱ་བ་ཡར་ཞུ་བྱེད་པར་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡའོ་ཨི་ལ་མཇལ་འཕྲད་གནང་།

སྤེལ་དུས 2018-12-18 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་ནས་པེ་ཅིན་ལ་བྱ་བ་ཡར་ཞུ་བྱེད་པར་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡའོ་ཨི་ལ་མཇལ་འཕྲད་གནང་། 
           ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེ་ནས་པེ་ཅིན་ལ་བྱ་བ་ཡར་ཞུ་བྱེད་པར་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡའོ་ཨི་ལ་མཇལ་འཕྲད་གནང་སྟེ་ཁོ་མོས་ཞང་ཀང་གི་དེང་སྐབས་གནས་བབ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན།
           ཞི་ཅིན་ཕིང་གིས་གསུངས་རྒྱུར། ལོ་གཅིག་གི་རིང་ལ། སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡའོ་ཨི་ཡིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་ལ་འགོ་ཁྲིད་དེ་སྤོབས་པ་ཆེན་པོས་ཁག་ཁུར་བྱས་ཤིང་ཧུར་ཐག་སྒོས་བྱ་བ་བསྒྲུབས་པ་དང་། བློ་ཐག་རྦད་ཆོད་སྒོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ལ་སྲུང་སྐྱོབ་བྱས་ཏེ་ཞང་ཀང་གི་ཡུན་རིང་འཕེལ་རྒྱས་ལ་ནན་ཏན་སྒོས་འཆར་འགོད་བྱས་པ་དང་། ཧུར་ཐག་སྒོས་ཀོང་ཏུང་དང་ཞང་ཀང་། ཨོ་མིན་གྱི་ཁུགས་ཁུལ་ཆེན་མོའི་འཛུགས་སྐྲུན་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་དུ་ཞུགས་ཤིང་། རྒྱ་ཆེའི་སྡོད་དམངས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་བྱས་པ་དང་། ཧུར་ཐག་སྒོས་ན་གཞོན་རྣམས་འཚར་ལོངས་འབྱུང་བ་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ཆ་རྐྱེན་གསར་སྐྲུན་བྱས་པ་དེ་ལས་བརྩོན་པའི་བློ་གྲོས་ལྡན་ཞིང་དཀའ་ཁག་ལ་མི་འཛེམ་པའི་སྙིང་སྟོབས་མཚོན་པར་བྱས་པར་མ་ཟད་གྲུབ་འབྲས་ཆེན་པོ་བླངས། ཀྲུང་དབྱང་གིས་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡའོ་ཨི་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་བསྒྲུབས་པའི་བྱ་བར་ཁས་ལེན་གང་ལེགས་བྱས།
           ཧན་ཀྲིན་དང་ཏེན་ཞའོ་ཞང་། དབྱང་ཅེ་ཁྲི། ཡུག་ཆོན་སོགས་མཇལ་འཕྲད་ལ་ཞུགས།