ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས(ཁང)སྟེ། གྲངས་འཛིན་ཅན་གྱི་བྱེད་ཐབས་ཀྱིས་ལོ་རྒྱུས་ཀྱི་དྲན་ཤེས་རྒྱུན་བསྐྱངས་པ།

སྤེལ་དུས 2019-01-10 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། ཡིག་ཚགས་ཀྱི་ལས་ཀ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་རྣམ་པ་དངོས་དེ་སྲུང་སྐྱོབ་བྱེད་པའི་བྱ་གཞག་པ་གལ་ཆེན་ཞིག་ཡིན་ལ། ཉམས་མྱོང་ཕྱོགས་བསྡོམས་དང་ཆོས་ཉིད་ངོས་འཛིན་བྱེད་པ། ལོ་རྒྱུས་རྒྱུན་སྲུང་པ། ཏང་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱ་གཞག་ཁག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པར་མཚོན་ན་དེར་སྣང་ཆུང་བྱེད་མི་རུང་པའི་ནུས་པ་གལ་ཆེན་ཡོད་པ་རེད།. ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་རྒྱུས་ཡིག་ཚགས་གསར་སྤེལ་བཀོལ་སྤྱོད་ལས་དོན་ལ་གཙིགས་མཐོང་ཆེན་པོ་གནང་པ་དང་། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་ལོ་རྒྱུས་ཡིག་ཚགས་གསར་སྤེལ་བཀོལ་སྤྱོད་ལས་དོན་ཐད་མཆན་འགོད་མཛུབ་སྟོན་ཐེངས་མང་གནང་སྟེ། “ལོ་རྒྱུས་ཀྱིས་སྐད་ཆ་འཆད་རྒྱུ་དང་དོན་དངོས་ལ་བརྟེན་ནས་གཏམ་བཤད་དགོས”ཞེས་བཏོན་པ་རེད།
        ཇི་ལྟར་བྱས་ནས་ཡིག་ཚགས་དང་། ལྷག་པར་དུ་བོད་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་རིང་གི་ཆབ་སྲིད་དང་དཔལ་འབྱོར། དམག་དོན། རིག་གནས་སོགས་ཐད་ཀྱི་ཚད་ལྡན་ཡིག་ཆ་ཉར་ཚགས་གང་ལེགས་དང་ཡུན་རིང་ཉར་ཚགས་བྱ་རྒྱུ་ནི་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས(ཁང)ཀྱི་ཡིག་ཚགས་ལས་ཀ་སྒྲུབ་མཁན་གྱིས་རྒྱུན་ཆད་མེད་པར་འཚོལ་ཞིབ་ཟབ་མོ་གནང་བཞིན་པའི་བྱ་གཞི་གལ་ཆེན་རེད།
བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས(ཁང)གི་ལོ་རྒྱུས་ཡིག་ཚགས་མཛོད་ཁང་གི་ཡིག་ཚགས་ཁུག་སྒྲོམ་རིང་པོ།

བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས(ཁང)གི་ལོ་རྒྱུས་ཡིག་ཚགས་མཛོད་ཁང་གི་ཡིག་ཚགས་འཇོག་སྒམ།  
        “ལོ་ལྔ་ཚན་བཅུ་གཉིས་པའི”དུས་རིང་། གྲོང་ཁྱེར(ས་གནས)4ཡི་ཕྱོགས་བསྡུས་ཡིག་ཚགས་ཁང་གི་འགྲེམས་ཁང་གསར་པ་དང་རྫོང་རིམ་པའི་ཕྱོགས་བསྡུས་ཡིག་ཚགས་ཁང71གི་འགྲེམས་ཁང་གསར་པ་བསྐྲུན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། བོད་ཀྱི་ལྗོངས་ཡོངས་ཀྱི་ཡིག་ཚགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་གཏན་ལ་ཕབ་སྟེ་འགྲེམས་བསྒྲགས་གནང་པ། ཁྲིམས་ལྟར་ཡིག་ཚགས་དོ་དམ་བཅོས་ཚད་མངོན་གསལ་མཐོ་རུ་ཕྱིན་ཡོད་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ཏུ་སླེབས་སྐབས།ལྗོངས་ཡོངས་ཀྱི་རིམ་ཁག་ཕྱོགས་བསྡུས་ཡིག་ཚགས་ཁང་གིས་ཉར་ཚགས་བྱས་པའི་བསྡོམས་འབོར་དུམ་པ་ཁྲི410ཡིན་ལ། ཡིག་ཚགས་ལས་དོན་རང་རྟོགས་སྒོས་བསྒྱུར་བཅོས་དང་གོང་སྤེལ། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་གིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སམི་དམན་པ་བཞག་ཡོད་པ་རེད།
        བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས(ཁང)ཀྱི་ཏང་ཙུའུ་ཧྲུའུ་ཅི། ཅུས(ཁང)ཀྲང་ལི་ཐེན་མིང་གིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་དེ་གར་ཉར་པའི་ལོ་རྒྱུས་ཡིག་ཚགས་ཁྲི36.8དང་། དེང་སྤྱོད་ཡིག་ཚགས་དུམ་པ་ཁྲི2.35   པར་ཁྲི་1.2 ཡིག་ཚགས་ཀྱི་གྲངས་གཞི་ཅན་གྱི་ལས་དོན་ལེགས་འགྲུབ་བྱུང་པ་དང་།  གྲོང་ཁྱེར(ས་ཁུལ)གྱི་ཡིག་ཚགས་ཁང་གིས་ཁྱོན་བསྡོམས་ཡིག་ཚགས་དུམ་པ3314ཡི་གྲངས་གཞི་ཅན་གྱི་ལས་དོན་ལེགས་གྲུབ་བྱུང་ཞིང་། བེད་སྤྱོད་བྱེད་མཁན་ཁྲི1.3ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ཡིག་ཚགས་དུམ་པ་ཁྲི་10.6བེད་སྤྱད་བཏང་ཡོད་ཅེས་ངོ་སྤྲོད་གནང་བྱུང་།
བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས(ཁང)གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུད(ཁང) ཀྲང་ལི་ཐེན་མིང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།
        དེ་དང་ཆབས་ཅིག་ཏུ། ཡིག་ཚགས་མྱུར་སྐྱོབ་དང་སྲུང་སྐྱོབ་ལས་དོན་ལ་གྲུབ་འབྲས་མི་དམན་པ་ལོན་ཡོད་དེ། ཡིག་ཚགས་བམ་པོ་ཁྲི18.6མྱུར་སྐྱོབ་སྲུང་སྐྱོབ་གནང་པ་དང་། སོག་པོ་དང་མན་ཇུའི་ཡིག་ཚགས་སོགས་རྒྱལ་ཁབ་ཀྱི་གཙོ་གནད་ཀྱི་ཚགས་ཡིག་ལེགས་སྒྲིག་ཐད་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་ལོན་ཡོད་དེ།《ཡོན་རྒྱལ་རབས་སྐབས་ཀྱི་བོད་ཀྱི་གཞུང་ཕྱོགས་ཡིག་ཚགས》དེ《 འཛམ་གླིང་གི་དྲན་ཤེས་ཀྱི་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་མིང་གཞུང》དང《འཛམ་གླིང་གི་དྲན་ཤེས་མིང་གཞུང》ནང་ཚུད་པ་རེད།
        བོད་ཀྱི་ཡིག་ཚགས་བྱ་གཞག་གི་མདུན་དུ་ལྷགས་པའི་གནས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག  བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས(ཁང)“ལོ་ལྔ་ཚན་བཅུ་གསུམ་པའི” རིང་ལྗོངས་ཡོངས་ཀྱི་ཡིག་ཚགས་བྱ་གཞག་གོང་འཕེལ་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་སྤྱིའི་དམིགས་ཡུལ། ལས་འགན་གཙོ་བོ་བཏོན་དང་། སྤྱི་ལོ2020ལོར་སླེབས་དུས། ཧུར་ཐག་སྒོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འབད་འཐབ་དམིགས་འབེན་དག་དང་འཚམ་ཞིང་། བོད་ཀྱི་ཡུན་རིང་བདེ་འཁོད་དང་དཔལ་འབྱོར་སྤྱི་ཚོགས་ལེགས་ཤིང་མགྱོགས་པའི་སྒོ་ནས་གོང་འཕེལ་གཏོང་པར་ཞབས་འདེགས་དང་འདེགས་སྐྱོར་ནུས་ལྡན་ཐུབ་པའི་ཡིག་ཚགས་བྱ་གཞག་འཕེལ་རྒྱས་མ་ལག་འཛུགས་རྒྱུ་དང་། བརྡ་འཕྲིན་ཅན་སྲོག་ཤིང་དུ་གྱུར་པའི་ཡིག་ཚགས་ལས་དོན་དེང་རབས་ཅན་དུ་འགྱུར་བའི་དོ་དམ་ཐོག་མར་འཛུགས་རྒྱུ་རེད།
        བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས(ཁང)དུ་ཉར་ཚགས་བྱས་པའི་ ནི་སྒྲ་མེད་ཀྱི་ལོ་རྒྱུས་དུམ་པ(དེབ་ཁྲི300)ནི་ཇི་ལྟར་བྱས་ཏེ“ལོ་རྒྱུས་ཀྱིས་སྐད་ཆ་འཆད་རྒྱུ་དང་ལོ་རྒྱུས་ལ་བརྟེན་ནས་གཏམ་བཤད་རྒྱུའི”ཐད། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས(ཁང)ཀྱིས་ཡིག་ཚགས་བེད་སྤྱོད་ཞབས་ཞུ་ཟབ་སྤེལ་དང་རྒྱ་སྐྱེད་རྒྱུ། ཡིག་ཚགས་དོ་དམ་ཆ་འཕྲིན་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་གཏོང་བ་སོགས་ཀྱི་ཕྱོགས་ནས་འགོ་རྩོམ་རྒྱུ་རེད།

བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཉར་སྟངས་ཏེ་ཁུག་ཐུམ།
བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས(ཁང)ཀྱི་བོད་ཡིག་ལོ་རྒྱུས་ཡིག་ཚགས་ཀྱི་གྲངས་གཞི་ཅན་གྱི་ཡུལ་དངོས།
        མིག་སྔར། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས(ཁང)ཀྱིས“ལོ་ལྔ་ཚན་བཅུ་གསུམ་པར” འགྲེམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་དང་གསར་སྤེལ་གྱི་ལས་ཀའི་འཆར་འགོད་གཏན་འབེབས་གནང་པ་དང་། 
        སྟོངས་ཉེ་ཡོད་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཡིག་ཚགས་སྲུང་སྐྱོང་དང་གསར་སྤེལ་་དམ་འཛིན་བྱེད་པ། རྩ་ཆེའི་ཡིག་ཚགས་ལ་དམིགས་བསལ་མཛོད་ཁང་བཙུགས་ནས་ཉར་ཚགས་གནང་པའི་དུས་མཚུངས་སུ། ཉར་ཚགས་གནང་པའི་སོག་མན་ཡིག་ཚགས་མྱུར་སྐྱོབ་སྲུང་སྐྱོབ་དང་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་པ། དག་སྒྲིག་ཞིབ་འཇུག་དང་སྲུབ་སྐྱོབ་ཐོན་སྤེལ་བྱེད་ཤུགས་དྲག་ཏུ་བཏང་སྟེ་སོག་པོ་དང་མན་ཇུའི་ཡིག་ཚགས་རྒྱུ་འགྱུར་དང་བསྐྱར་པར། དཔྱད་བསྡུར་སྐོར་གྱི་ཆེད་རྩོམ་གཅེས་བསྡུས་ཀྱི་དཔེ་སྐྲུན།ཡིག་ཚགས་ལོ་རྒྱུས་དཔྱད་ཡིག་ཕྱོགས་སྒྲིག་བཅས་ཀྱི་་ལས་དོན་ལེགས་པོར་སྒྲུབ་སྟེ། ཡིག་ཚགས་ཁག་དེའི་བདེ་འཇགས་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དང་ཇུས་ཐག་གཅོད་པར་དཔྱད་གཞི་འདོན་སྤྲོད་བྱེད་པ། སྤྱི་ཚོགས་ལ་ཞབས་ཞུ་བཅས་སྒྲུབ་རྒྱུ་རེད།
བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས(ཁང)དུ། ་ལས་དོན་མི་སྣས་འཆར་གཞི་ལྟར་འགྲེམས་སྟོན་ཁང་སོགས་སུ་ཉར་ཚགས་བྱས་པའི་ཡིག་ཚགས་གྲངས་གཞི་ཅན་གྱི་ལས་དོན་སྤེལ་བཞིན་ཡོད་ལ། སྔོན་དཔག་བྱས་ན། 2020 ལོར་སླེབས་སྐབས། ཡིག་གྲངས་དུང་ཕྱུར1.5 འགྲེམས་སྟོན་ཁང་སོགས་སུ་ཉར་ཚགས་བྱས་པའི་ལོ་རྒྱུས་ཡིག་ཚགས་གྲངས་གཞི་ཅན་དུ་ལེགས་འགྲུབ་བྱུང་ཐུབ་ཅིང་། བཤམས་སྟོན་ཁང་སོགས་སུ་ཉར་ཚགས་བྱས་པའི་ད་ལྟ་ལག་ལེན་བསྟར་བཞིན་པའི་གཞུང་ཡིག་ཡིག་ཚགས་ཀྱི་གྲངས་གཞི་ཅན་གྱི་ལས་དོན་གཞི་རྩའི་ཐོག་ལེགས་གྲུབ་བྱུང་ཐུབ་པ་རེད། སྐབས་དེར། སྤྱི་དམངས་ཀྱིས་ཡིག་ཚགས་བེད་སྤྱོད་དེ་བས་སྟབས་བདེ་ཞིང་ཡིག་ཚགས་སྤྱི་པའི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་ཐུབ་པ་རེད།