ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བལ་ཡུལ་གྱི་ལྷ་སའི་བཅའ་སྡོད་གཞུང་ཚབ་ཀྱིས་མཚོ་བོད་ལྕགས་ལམ་སྔ་ཙམ་ནས་ནེ་པ་ལའི་མངའ་ཁོངས་སུ་བསྲིང་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ཟེར།

སྤེལ་དུས 2019-01-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “ངས་མཚོ་བོད་ལྕགས་ལམ་སྔ་ཙམ་ནས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཀྱི་གྲོང་ཁྱེར་སྐྱིད་རོང་དུ་སྲིང་བ་དང་། བལ་ཡུལ་གྱི་རྒྱལ་ས་ཀ་ཏ་མན་རྡུ་དང་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་དང་བཅས་པའི་ཀྲུང་གོའི་གྲོང་ཁྱེར་མང་པོ་སྤྲེལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད། དེ་ང་ཚོའི་རྒྱལ་ཁབ་ལ་མཚོན་ན་ཕན་པ་ཧ་ཅང་ཆེན་པོ་ཡོད་པ་དང་། ཧ་ཅང་གལ་འགངས་ཆེན་པོ་རེད།” ཟླ་1ཚེས་9ཉིན་བལ་ཡུལ་གྱི་ལྷ་སའི་བཅའ་སྡོད་གཞུང་ཚབ་དོན་གཅོད་ཁང་གི་གཞུང་ཚབ་པ་ཅི་མུའུ་ཤུང• ལ་མུའུ་ཏ་ལི• ལཱ་དབྱི་ཡིས་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པའི་བཅའ་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
             2014ལོའི་ཟླ་8ཚེས་16ཉིན། མཚོ་བོད་ལྕགས་ལམ་གྱི་ལྷ་ས་ནས་གཞིས་རྩེ་བར་གྱི་སྣུར་སྲིང་ལྕགས་ལམ་དངོས་སུ་སྐྱེལ་གཉེར་འགོ་ཚུགས། བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་དང་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་ཆེ་གྲས་ཨང་གཉིས་པ་གཞིས་ཀ་རྩེ་བར་སྦྲེལ་བའི་ལྕགས་ལམ་ཡིན་པའི་ངོས་ནས། སྐྱེལ་གཉེར་འགོ་ཚུགས་པས་ལྷ་ས་ནས་གཞིས་ཀ་རྩེ་ས་གནས་གཉིས་བར་གྱི་ལམ་ཐུང་སྐྱེལ་འདྲེན་ལ་གྲོང་མི་མང་ཚོགས་དང་བོད་བསྐྱོད་ཡུལ་སྐོར་པས་ལྷག་པར་དགའ་བསུ་ཐོབ་པ་དང་། ས་ཆ་གཉིས་པོའི་མི་དམངས་ཀྱིས་“གྲོང་ཁྱེར་གཉིས་”ཀྱི་འཚོ་བ་གསར་པ་ལ་རོལ།
             ཀྲུང་ནེ་རྒྱལ་ཁབ་གཉིས་དབར་གྱི་སྲོལ་རྒྱུན་གྱི་མཛའ་གྲོགས་དང་མཛའ་མཐུན་མཉམ་འབྲེལ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག ལྷ་ས་དང་གཞིས་རྩེ་བར་གྱི་ལྕགས་ལམ་སྣུར་སྲིང་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་དོ་ཁུར་ཆེན་པོ་གནང་། བཅར་འདྲི་བྱེད་སྐབས་ལཱ་དབྱི་ཡིས་བརྗོད་རྒྱུར། ངས་མཚོ་བོད་ལྕགས་ལམ་སྔ་ཙམ་ནས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཀྱི་གྲོང་ཁྱེར་སྐྱིད་རོང་དུ་སྲིང་བ་དང་། དེ་ནས་མུ་མཐུད་དུ་བལ་ཡུལ་གྱི་རྒྱལ་ས་ཀ་ཏ་མན་རྡུ་དབར་བསྲིང་ཐུབ་པའི་རེ་བ་བྱེད་བཞིན་ཡོད། “ལྕགས་ལམ་ཤར་གཏོང་ཐུབ་པས། ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་དང་ལྷག་པར་དུ་ཀྲུང་གོའི་བོད་ལྗོངས་དང་བལ་ཡུལ་གྱི་ཡུལ་སྐོར། དཔལ་འབྱོར་ཚོང་དོན་འགྲོ་འོང་སོགས་སྔར་ལས་སྟབས་བདེ་གྱུར་པ་རེད། ང་གྲོགས་པོ་ཚོ་དང་མཉམ་དུ་བོད་ལྗོངས་ལྷ་ས་ནས་མེ་འཁོར་ལ་བསྡད་དེ་གྲོང་ཁྱེར་ཆེ་གྲས་ཨང་གཉིས་པ་གཞིས་ཀ་རྩེར་འགྲོ་བའི་རེ་བ་བྱེད། ལམ་ཧྲིལ་པོར་ཆུ་ཚོད་གསུམ་ཙམ་མ་ཡིན་ནམ།”

བལ་ཡུལ་གྱི་ལྷ་སའི་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་ཅི་མུའུ་ཤུང• ལ་མུའུ་ཏ་ལི• ལཱ་དབྱི་(གཡོན་)གདན་ཞུས་ལྟར་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་ནས་ཟུར་ཉན་བྱས།
             ཟླ་1ཚེས་9ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་འགོ་ཚུགས། ལཱ་དབྱི་ཡིས་གྲོས་ཚོགས་ཟུར་ཉན་གྱི་གདན་འདྲེན་དང་ལེན་བྱས། འགན་འཁུར་ནས་ཟླ་བ་གཅིག་ཙམ་ལས་མ་སོང་བའི་ལཱ་དབྱི་ཡིས་ཐེངས་དང་པོར་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཚོགས་འདུར་ཟུར་ཉན་བྱས་པ་གཟི་བརྗིད་ཅིག་ཏུ་བསམ་ཡོད། ཚོགས་འདུའི་ཡུལ་དངོས་སུ་ཁོང་གིས་དོ་སྣང་ཆེན་པོ་བྱེད་པའི་རྣམ་པ་མངོན། འཁྲིས་ཀྱི་ལོ་ཙཱས་གྲོས་ཚོགས་ཀྱི་གཙོ་གནད་ནང་དོན་འགྲེལ་བཤད་བྱས་པར་ནན་ཏན་གྱིས་ཉན་པ་དང་། མཚམས་ལར་འབྲི་དེབ་ཏུ་ཟིན་བྲིས་བཏབ།
             ཁོང་གིས་གསར་འགོད་པར་བརྗོད་རྒྱུར། ཁོ་རང་ཀྲུང་གོར་ཡོང་བ་ཐེངས་དང་པོ་ཡིན་ལ། བོད་རང་སྐྱོང་ལྗོངས་ལ་ཡོང་བའང་ཐེངས་དང་པོ་ཡིན། “བོད་ལྗོངས་ཀྱི་ཕྱོགས་གང་ཅིའི་ཐད་ཧ་ཅང་བཟང་། ཡུལ་ལྗོངས་ཧ་ཅང་མཛེས་ལ་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་ཧ་ཅང་བཟང་། འགན་འཁུར་ནས་ཡུན་རིང་མ་སོང་ཡང་ཁོ་རང་ཕོ་བྲང་པོ་ཏ་ལ་སོགས་སུ་སོང་བ་དང་། མི་ཡང་མང་པོར་འཕྲད་བྱུང་། 2016ལོའི་ཟླ་1པོར། བལ་ཡུལ་དུ་ས་ཡོམ་བྱུང་རྗེས་ཀྲུང་གོའི་སྤྱི་དམངས་བལ་ཡུལ་དུ་ཡུལ་སྐོར་བྱེད་མཁན་ལ་རིན་མེད་ཐོངས་མཆན་བཀོད་གནང་བའི་འགོ་ཚུགས། ལཱ་དབྱིས་བརྗོད་རྒྱུར། “དེས་ཀྲུང་གོའི་མི་དམངས་བལ་ཡུལ་དུ་ཡུལ་སྐོར་དང་ཚོང་གཉེར་བྱེད་པར་སྐུལ་མ་ཆེན་པོ་ཐེབས། ངས་ཀྲུང་གོའི་མི་མང་པོ་བལ་ཡུལ་ལ་ཡུལ་སྐོར་དུ་སླེབས་པ་མཐོང་།”
             དེ་དང་ཆབས་ཅིག་བལ་ཡུལ་གྱི་སྤྱི་དམངས་འབོར་ཆེན་གྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་ཆེན་པོ་བྱེད།  ཀྲུང་གོ་དང་ལྷག་པར་དུ་བོད་ལྗོངས་དབར་ཉོ་ཚོང་བྱ་འདོད་ཡོད། “འདི་ནི་ཕྱོགས་གཉིས་ཕན་གྱི་བྱ་བ་ཞིག་ཡིན་ལ། དེས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་གཏིང་ཟབ་ཏུ་གཏོང་ཐུབ།”