ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པ་དེ་རིང་འགོ་ཚུགས་པ།

སྤེལ་དུས 2019-01-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། ཟླ1པོའི་ཚེས9ཉིན། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པ་ལྷ་སར་འཚོགས་ཤིང་། སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ནི་བོད་ཀྱི་ས་གནས་ཁག་གི་གྲོང་གསེབ་དང་འབྲོག་སྡེ། གྲོང་ཁྱེར་དང་གྲོང་བརྡལ་བཅས་ནས་ལྷ་སར་འཛོམས་ཏེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འདོན་གནང་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པ་འགོ་ཚུགས་མཛད་སྒོའི་ཡུལ་དངོས། 

བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་མཛད་དེ་ལས་དོན་སྙན་ཞུ་ཕུལ་བཞིན་པ།
          2018ལོ་ནི་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ནུས་བསྒྲུབས་པའི་ལོ་དང་པོ་ཡིན་ཏེ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས། ལོ་ངོ་གཅིག་གི་རིང་། སྲིད་གྲོས་ཀྱི་རྩ་འཛུགས་དང་སྲིད་གྲོས་ནང་ཞུགས་པའི་སྡེ་ཚན། རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་སྲིད་ཇུས་བྱེད་ཐབས་ལ་དམིགས་ཏེ་ལག་བསྟར་དང་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་དཀའ་གནད་དང་། བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་གཙོ་གནད་གནད་དོན། ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་ཁྲོད་ཀྱི་གླེང་མང་བའི་གནད་དོན་དང་དེ་བཞིན་འབུར་ཐོན་གནང་དོན། ཉེན་ཁའི་གནས། དོ་ཁུར་བྱེད་སའི་གནད་དོན་བཅས་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་སྤེལ་བ་དང་དགེ་མཚན་ལྡན་པའི་གྲོས་མོལ་སྲིད་གླེང་བྱས་ཏེ། རང་འགན་གཙང་སྒྲུབ་ཀྱིས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ལ་ཞབས་འདེགས་ཞུས་གནང་ཡོད་ཅེས་ངོ་སྤྲོད་གནང་བྱུང་།
          འདས་ལོ་གཅིག་གི་རིང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་དང་འབྲེལ་བ་ཡོད་པའི་གནད་དོན་ཆུང་ངུ17གཞིར་བཟུང་ཞིང་། དེ་ནི2018ལོའི་བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་སྲིད་གླེང་། དམངས་གཙོའི་ལྟ་སྐུལ་གྱི་བརྗོད་གཞིར་བྱས་ཏེ་བོད་ཀྱི་བསྒྱུར་བཅོས་གོང་འཕེལ་ཡོང་བར་གཞོགས་འདེགས་གནང་པ་དང་། དུས་མཚུངས་སུ་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འགན་འཁུར་གལ་ཆེན་དང་དམངས་འཚོའི་ལས་གྲྭ་ཨང་དང་པོར་བཟུང་ནས། ཕྱོགས་མཐའ་ཀུན་དང་རྒྱ་ཆེ་བའི་ཁྱབ་ཁོངས་ནས་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་བཏང་ཡོད་པ་རེད།
          དེ་མིན་ད་དུང་ཀྲུང་གོའི་བོད་ལྗོངས་ཀྱི་སྲིད་གྲོས་འཐུས་མིའི་ཚོགས་པའམ་ཡང་ན་ཚོགས་པ་རྩ་འཛུགས་བྱས་པ་བརྒྱུད་འཚམས་འདྲིར་སྐྱོད་དེ། ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་འཆད་པ་དང་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་གནང་ཡོད།
          2018ལོར་ཁྱོན་བསྡོམས་གྲོས་གཞི404འབྱོར་ཡོད་པ་དང་། ཞིབ་བཤེར་བྱས་པ་བརྒྱུད། གྲོས་གཞི397ཐོ་འགོད་གནང་ཡོད་པ། གྲོས་གཞི12གྲོས་གཞི་གལ་ཆེན་ནང་བཅུག་ཡོད་པ་དང་། 2018ལོའི་ཟླ10པའི་ཟླ་མཇུག་བར། གྲོས་གཞི་གཉེར་སྒྲུབ་ཚད100%ཟིན་པ་དང་། ཨུ་ཡོན་ཡིད་ཚིམ་ཚད་དང་ཕལ་ཆེར་ཡིད་ཚིམ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད།

བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པ་འགོ་ཚུགས་མཛད་སྒོའི་ཡུལ་དངོས།

སྲིད་གྲོས་ཨུ་ཡོན་ཚོགས་རར་ཕེབས་བཞིན་པ།
          ཀའོ་དབྱང་གིས་།2019ལོར་སྲིད་གྲོས་ཀྱི་ལས་དོན་ནི་མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་བྱ་གཙོ་བོ་གཉིས་ལ་དམ་པོར་དམིགས་ཏེ། འཕེལ་རྒྱས་དང་བརྟན་པོ།སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་གཞི་ཚུགས་ནས། སྲིད་དོན་སྐྱོང་ཇུས་འདོན་དང་ངོས་འཛིན་གཅིག་མཐུན་གོང་བུར་སྒྲིལ་བའི་ཕྱོགས་གཉིས་ལ་ནུས་ཤུགས་འདོན་རྒྱུ་མཐའ་འཁྱོངས་བྱས་ནས། ནན་ཏན་གྱིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ།སྲིད་ཞུགས་སྲིད་མོལ་བཅས་ཀྱི་འགན་ནུས་ནན་ཏན་སྒོས་སྒྲུབ་རྒྱུ་ཡིན་ཞེས་བསྟན་བྱུང་།
          ཉིན་དེའི་འགོ་ཚུགས་ཚོགས་འདུའི་ཐོག  བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་འཇིགས་མེད་ཀྱིས་ད་དུང་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་ལ་སྙན་ཞུ་ཕུལ་བ་རེད།
          གཞན་ཡང་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ལོ་རེར་ལྷ་སར་བཅའ་སྡོད་བལ་བོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་དཔོན་རིགས་ཚོགས་འདུའི་ཟུར་ཉན་ལ་གདན་འདྲེན་ཞུས་ནས་བསྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མྱོང་རོལ་བྱེད་ཀྱི་ཡོད་པ་རེད། 

བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པའི་འགོ་ཚུགས་མཛད་སྒོའི་ཡུལ་དངོས།