ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ས་གྲོང་ཁྱེར་སྟག་གདོང་གྲོང་ཚོར་ཡང་བསྐྱར་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་པ།

སྤེལ་དུས 2019-01-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།

ལྷ་ས་གྲོང་ཁྱེར་གྱི་སྟག་གདོང་གྲོང་ཚོ།
           ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། ཉེ་ཆར། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་གཞུང་ཁག་ལྔ་པའི་མིང་ཐོ་ཡོངས་བསྒྲགས་བྱས་ཡོད་ལ། ལྷ་ས་གྲོང་ཁྱེར་སྟག་གདོང་གྲོང་ཚོར“ལོ་རྒྱུས་དང་རིག་གནས་རྨང་གཞི་ཅུང་ཟབ་ཅིང་གནས་ཡུལ་གྱི་སྒྲིག་གཞི་ཉར་ཚགས་ཅུང་ཆ་ཚང་ལ། སྲོལ་རྒྱུན་བཟོ་སྐྲུན་སྲུང་སྐྱོང་གི་རིན་ཐང་ངེས་ཅན་ཞིག་ལྡན་པ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཡག་པོ་གནང་ཡོད་པ། གྲོང་སྡེའི་གསོན་རྣམ་སྲུང་སྐྱོང་གི་རྨང་གཞི་བཟང་པ” སོགས་ཀྱི་ཆ་རྐྱེན་གྱི་དབང་གིས་ལྷ་ས་གྲོང་ཁྱེར་དུ་བདམས་ཐོན་བྱུང་བའི་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་གཅིག་པུར་ཆགས་ཡོད་པ་རེད།
           2016 ལོའི་ཟླ4 པར། བོད་ཀྱི་སྲུང་སྐྱོང་ཡག་ཤོས་བྱུང་བའི་གནའ་བོའི་གྲོང་ཚོའི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། སྟག་གདོང་གྲོང་ཚོ་ནི“སྣོད་བཅུད་སྲུང་སྐྱོང་དང་ཁོར་ཡུག་མཐོར་འདེགས། ཐོན་ལས་འཕེལ་རྒྱས། གནད་སྨིན་དབུལ་སྒྲོལ”གྱི་རྩ་དོན་ལྟར“སྟག་གདོང་གྲོང་ཚོར་གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་དབུལ་སྐྱོར་ཡུལ་སྐོར( ཕྱོགས་བསྡུས) གསར་སྤེལ་རྣམ་གྲངས”འགོ་བརྩམས་པ་དང་། རྣམ་གྲངས་དེ་ནི་སྣེའུ་ཡི་གྲོང་ཁྱེར་སྒྲིག་བཀོད་མ་འཇོག་དང་སྟག་གདོང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན།  དེ་བཞིན་ཡུལ་ཁམས་ཞི་མཛེས་ཚོགས་པའི་ཁོངས་གཏོགས་ཞི་མཛེས་པོ་ཏ་ལ་ཀུང་སི་བཅས་ཕྱོགས་གསུམ་པོས་ཐུན་མོང་ཐོག་བཙུགས་པའི་སྣེའུ་ཡི་ཞི་མཛེས་གྲོང་གསེབ་ཀྱི་དམངས་སྲོལ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིས་བརྒྱུད་རིམ་ཧྲིལ་པོའི་གསར་གཏོད་དང་གཉེར་སྐྱོང་དོ་དམ་གནང་པ་རེད།
           རྣམ་གྲངས་གཉེར་སྐྱོང་བྱས་པའི་ལོ་དེར་ཁྱོན་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་གྲངས་ཁྲི8ལྷག་ལ་སླེབས་པ་དང་། 2017ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་གྲངས་ཁྲི15ཟིན་པ། ཡུལ་སྐོར་ཡོང་འབབ་སྒོར་ཁྲི471ལྷག་ཟིན་ཡོད་ཅིང་། མི་རེར་ཆ་སྙོམས་ཡོང་འབབ་སྒོར8000 ལྷག་ཙམ་ཟིན་ཡོད། རྣམ་གྲངས་དེས་སྟག་གདོང་གྲོང་ཚོའི་གྲོང་གསེབ་ཀྱི་རྣམ་པ་དང་སྐྱེ་ཁམས་ཁོར་ཡུག  ལོ་རྒྱུས་བཟོ་སྐྲུན། སྲོལ་རྒྱུན་གྱི་དམངས་སྲོལ། མངོན་མིན་རིག་གནས་ཤུལ་བཞག་སོགས་སྲོལ་རྒྱུན་གྱི་གྲོང་སྡེ་གཞི་རྒྱུ་སྲུང་སྐྱོབ་དང་རྒྱུན་འཛིན། འཕེལ་རྒྱས་བཅས་བྱུང་ཐུབ་ཡོད་པ་མ་ཟད། དེ་བས་ཀྱང“ཐོན་ལས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱ་རྒྱུ་དང་ལས་ཞུགས་ཀྱིས་དབུལ་ཐར་ལ་སྐུལ་འདེད་གཏོང་བའི”བྱེད་སྟངས་ཀྱིས་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་དང་ཡུན་ཕན་སྲ་བརྟན་དུ་གཏོང་པར་ཡང་རོགས་འདེགས་གནང་ཡོད་པ་རེད། 2018ལོའི་ཟླ9པར། སྟག་གདོང་གྲོང་ཚོས་ཁྱོན་ཡོངས་ནས་དབུལ་ཞྭ་ཕུད་པའི་ཞིབ་བཤེར་རྩིས་ལེན་ལེགས་གྲུབ་ཟིན་ཏེ་གྲོང་ཚོ་དབུལ་པོའི་གྲས་སུ་དངོས་སུ་ཕྱིར་བུད་པ་རེད།
           མིག་སྔའི་བར་དུ།  སྟག་གདོང་གྲོང་ཚོར་སྔ་རྗེས་སུ“ཀྲུང་གོའི་གྲོང་ཚོ་གྲོང་བརྡལ་མཛེས་ཤོས”དང“ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོའི་ལོ་རྒྱུས་ཀྱི་གནའ་གྲོང”“རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་གྲོང་ཚོ”“ཀྲུང་གོའི་གྲོང་གསེབ་ཡུལ་སྐོར་མངོན་འགྱུར་དཔེ་སྟོན་རྟེན་གཞི”སོགས་རྒྱལ་ཁབ་རིམ་པ་དང་བོད་རང་སྐྱོང་ལྗོངས་རིམ་པའི་གཟི་བརྗིད་མཚན་སྙན་ཇི་མང་ཐོབ་པ་དང་། ད་ཆ་སྟག་གདོང་གྲོང་ཚོས“ཐོན་ལས་དར་རྒྱས་དང་སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་དཔལ་ཡོན་དང་ལྡན་པ། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་འགྱུར”བཅས་ཀྱི་དམིགས་འབེན་དང་དམ་པོར་འབྲེལ་ནས་གྲོང་གསེབ་དར་རྒྱས་ཀྱི་བོད་ཀྱི་དཔེ་མཚོན་གཏོད་ཡོད་པ་རེད།