ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གི་བཀའ་སློབ་བློ་ལ་ངེས་ནས་ཅིང་ཅིན་ཅི་འཛུགས་སྐྲུན་བྱེད།

སྤེལ་དུས 2019-01-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དང་ཐན་ཅིན་ཧོ་པེ་བཅས་སུ་རྟོག་ཞིབ་གནང་སྐབས་པེ་ཅིང་དང་ཐན་ཅིན་ཧོ་པེ་བཅས་ཀྱི་མཐུན་སྦྱོར་གོང་འཕེལ་ལ་འཕེལ་རིམ་སྔར་བས་ཆེ་བ་ཐོན་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་བ་དང་། ཧོ་པེ་ཞུང་ཨན་ཁུལ་གསར་གྱི་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་བརྟན་པོ་ངེས་ནས་ཞུང་ཨན་ཁུལ་གསར་དེ་དུས་རབས་གསར་པའི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་མིག་དཔེར་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་བསྟན་པ།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་པེ་ཅིང་དང་ཐན་ཅིན་ཧོ་པེ་བཅས་སུ་རྟོག་ཞིབ་གནང་བ་དང་། པེ་ཅིང་དང་ཐན་ཅིན་ཧོ་པེ་བཅས་ཀྱི་མཐུན་སྦྱོར་གོང་འཕེལ་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་ལས་དོན་བཀོད་སྒྲིག་ཁ་གསལ་གནང་བ་དང་། པེ་ཅིང་དང་ཐན་ཅིན་ཧོ་པེ་བཅས་ཀྱི་མཐུན་སྦྱོར་གོང་འཕེལ་ལ་འཕེལ་རིམ་སྔར་བས་ཆེ་བ་ཐོན་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཧོ་པེ་ཞུང་ཨན་ཁུལ་གསར་གྱི་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་བརྟན་པོ་ངེས་ནས་ ཞུང་ཨན་ཁུལ་གསར་དེ་དུས་རབས་གསར་པའི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་མིག་དཔེར་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
             སྤྱི་ཟླ་༡པོའི་ཚེས་༡༦ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ཡུན་ལོ་གཉིས་ཀྱི་རྗེས་སླར་ཡང་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བར་ཕེབས་ཡོད། ཞུང་ཨན་ཁུལ་གསར་གྱི་འཆར་འགོད་འགྲེམས་སྟོན་ལྟེ་གནས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་ནི་སྟོང་ལོའི་ཇུས་ཆེན་ཡིན་པས། ཁུལ་གསར་གྱིས་དང་ཐོག་འཆར་འགོད་དང་འཛུགས་སྐྲུན་གྱི་འདུ་ཤེས་གསར་པའི་ཐོག་སྔོན་མཐོང་རང་བཞིན་དང་། སྣེ་ཁྲིད་རང་བཞིན་མངོན་པ་བྱེད་དགོས། གོང་འཕེལ་གྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་དང་། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་བླང་བྱ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་མིག་དཔེ་གཏོད་རྒྱུར་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བར་ཧོ་པེ་ཞུང་ཨན་ཁུལ་གསར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཡུའེ་ཤིན་གྱིས། ལས་དོན་པ་ཞིག་ཡིན་པའི་ངོས་ནས་འཆར་འགོད་ཡག་པོ་བཟོ་བ་དང་ལས་དོན་མཐར་ཕྱིན་པ་སྒྲུབ་དགོས་སྙམ་གྱི་འདུག དེ་ནི་འཛམ་གླིང་གི་མིག་རྒྱང་དང་། རྒྱལ་སྤྱིའི་ཚད་གཞི། ཀྲུང་གོའི་ཁྱད་ཆོས། གནས་མཐོའི་གཏན་འཁེལ་བཅས་ཀྱི་བླང་བྱ་རྒྱུན་འཁྱོངས་བྱས་ཏེ། ལོ་རྒྱུས་ཀྱི་ངང་རྒྱུད་རྒྱུན་འཁྱོངས་མུ་མཐུད་བྱེད་དགོས། འཆར་འགོད་ཀྱི་ནང་དོན་ཐད་ཞིབ་ཕྲ་དང་འཐུས་ཚང་བཟོ་དགོས་པའི་ལས་དོན་ཁག་གཅིག་སྒྲུབ་དགོས་པ་དང་། དེའི་ཐད་ལའང་སྤྱི་ཁྱབ་ཧྲུའུ་ཅིས་གསུངས་གནང་བ་ལྟར། ས་ཆ་ཚུན་གང་ལའང་འཆར་འགོད་གསལ་པོ་བཟོས་རྗེས་འཛུགས་སྐྲུན་བྱེད་འགོ་བཙུགས་ཏེ། འཆར་འགོད་དེ་གནས་མཐོ་བ་དང་། ཡག་པོ་སྒྲུབ་པ། ཞིབ་ཚགས་སྒྲུབ་པ། སྤུས་དག་སྒྲུབ་པ་བཅས་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་དུང་བརྙན་མཐོང་ཆེན་པོ་བརྒྱུད་པེ་ཅིང་ནས་ཞུང་ཨན་བར་གྱི་ལྕགས་ལམ་གྱི་ཞུང་ཨན་འབབ་ཚུགས་འཛུགས་སྐྲུན་བྱེད་པའི་ལས་ཡུལ་དངོས་དང་ཐད་སྦྲེལ་གནང་བ་དང་། འཛུགས་སྐྲུན་པ་རྣམས་ནི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་གྱི་ལམ་བུ་གཏོད་མཁན་གྱི་གདོང་ལེན་པ་ཡིན་ཞེས་བསྔགས་བརྗོད་གནང་ཡོད། པེ་ཅིང་ནས་ཞུང་ཨན་བར་གྱི་ལྕགས་ལམ་འཛུགས་སྐྲུན་བཀོད་འདོམས་ཁང་གི་བཀོད་འདོམས་དཔོན་ཡང་པིན་གྱིས་གསར་འགོད་པར། སྤྱི་ཁྱབ་ཧྲུའུ་ཅིས་བསྔགས་བརྗོད་གནང་བ་ནི་ལྕགས་ལམ་འཛུགས་སྐྲུན་པའི་ངོས་ནས་བརྗོད་ན་སྤོབས་སེམས་ཆེན་པོ་སྐྱེ་དགོས་པ་ཞིག་ཡིན་ཞེས་བསྟན་ཡོད།
             ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅིས་བསྔགས་བརྗོད་གནང་བ་ནི་ང་ཚོའི་ངོས་ནས་བརྗོད་ན་སྐུལ་ལྕག་ཆེན་པོ་ཞིག་རེད། ང་རང་གི་བསམ་པར་ང་ཚོ་ལྕགས་ལམ་འཛུགས་སྐྲུན་པས་ཀྱང་སྤུས་ཚད་མཐོ་བའི་གོང་འཕེལ་ཞེས་པའི་དང་ཐོག་མའི་བསམ་འདུན་མ་བརྗེད་པར་ང་ཚོའི་པེ་ཅིང་ནས་ཞུང་ཨན་བར་གྱི་ལྕགས་ལམ་དཔེ་མཚོན་དུ་བྱས་ཏེ། ཀྲུང་གོའི་དུས་རབས་གསར་པའི་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པ་དང་། ལག་རྩལ་སྔོན་ཐོན། སྤུས་ཚད་རྩེ་གྲ་བཅས་ཀྱི་སྤུས་དག་ལས་གཞི་ཧུར་ཐག་གཏོད་དེ་དུས་རབས་གསར་པའི་ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་གྱི་དཔེ་མཚོན་དང་ཚད་གཞི་གཏོད་རྒྱུ་ཡིན་ཞེས་བསྟན་ཡོད།
             ཞུང་ཨན་ཁུལ་གསར་གྱི་སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྲིད་དོན་ཞབས་ཞུ་ཆ་འཕྲིན་ཅན་དང་། རིག་ནུས་ཅན། གནད་འཕིགས་ཅན། སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་དགོས་ཞེས་གསུངས་གནང་ཡོད། ཞུང་ཨན་ཁུལ་གསར་གྱི་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་པ་ལེའང་ཏུང་ཤིན་གྱིས། ཁོང་ཚོས་གྲངས་གཞིའི་ལག་རྩལ་ལ་བརྟེན་ནས་ཐེངས་གཅིག་རྣམ་པའི་སྲིད་དོན་ལས་གཉེར་མ་དཔེ་གཏོད་བཞིན་ཡོད། ཕྱིན་ཆད་སྔར་ལས་ལྷག་པའི་སྒོ་ནས་ཁེ་ལས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ཞུང་ཨན་ཁུལ་གསར་གྱི་གཟུགས་བརྙན་བཟང་པོ་མངོན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
             ཁོང་གིས། ཁོང་ནས་ང་ཚོར་རེ་བ་ཆེན་པོ་བཅོལ་གནང་གི་ཡོད་པ་དང་། ཁོང་ནས་ཞུང་ཨན་ཁུལ་གསར་ལ་རེ་བ་ཆེན་པོ་བཅོལ་གནང་གི་ཡོད་པ་མྱོང་ཚོར་གསལ་པོ་ཐུབ་ཀྱི་འདུག སླད་ཕྱིན་དེ་བས་སྤྲོ་སེམས་ལྡན་པའི་ཐོག་ནས་ལས་དོན་སྒྲུབ་སྟེ། ཁུལ་གསར་གྱི་གོང་འཕེལ་དང་འཛུགས་སྐྲུན་ཆེད་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད།
             ཁག་དང་པོའི་ཞུང་ཨན་ཁུལ་གསར་གྱི་བྱ་གཞག་གསར་གཏོད་བྱེད་མཁན་པེ་ཅིང་གི་གཞོན་ནུའི་འཐུས་མི་ཡིན་པའི་ངོས་ནས། ཞུང་ཨན་གཞོན་ནུའི་བྱ་གཞག་གསར་གཏོད་སྐུལ་འདེད་ཚོགས་པའི་ཚོགས་གཙོ་ཀྲའེ་ཧོང་ཐའོ་ཡིས་གསར་འགོད་པར། ཁོང་ཚོས་གསར་གཏོད་དང་བྱ་གཞག་གསར་སྐྲུན་གྱི་སྟེགས་བུ་དེ་བས་ཆེ་བ་བསྐྲུན་ནས། ཕུགས་བསམ་ལྡན་པའི་ཞུང་ཨན་གྱི་བྱ་གཞག་གསར་སྐྲུན་བྱེད་མཁན་ཆེད་ཤེས་ལྡན་མི་སྣའི་ཞབས་ཞུ་སྒྲུབ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང་། ཁོང་གིས། སླད་ཕྱིན་དེ་གར་ཐོན་ཁུངས་དེ་བས་མང་བ་གཅིག་སྡུད་བྱ་རྒྱུ་དང་། ང་ཚོའི་ལམ་ལུགས་དེ་བས་འཐུས་ཚང་བཟོས་ནས་ང་ཚོའི་གཞོན་ནུ་ཚོའི་སེམས་ཤུགས་འཕེལ་བ་བྱེད་པ། ལས་དོན་ཏན་ཏན་ཏིག་ཏིག་ངང་སྒྲུབ་རྒྱུར་སེམས་ཤུགས་ཀྱིས་ཁེངས་ཡོད་ཅེས་བསྟན་ཡོད་པ་རེད།
             སྤྱི་ཁྱབ་ཧྲུའུ་ཅིས་རྟོག་ཞིབ་གནང་བའི་ཉིན་དེར། པའོ་ཧྭ་ཧྥང་ཝུ་ཚོགས་པའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཀྲང་ཡུད་ཤིན་ལ་ཞུང་ཨན་ཁུལ་གསར་གྱི་ཁེ་གཉེར་ལག་ཁྱེར་རག་ཡོད། ཁོང་གིས། ཞུང་ཨན་ཁུལ་གསར་གྱི་ཁག་དང་པོའི་ཐན་ཅི་དྲ་འབྲེལ་རྐང་འཛིན་དྲ་བའི་ལས་གཞི་ཞེས་པའི་འགན་འཁུར་མཁན་གྱི་ཁེ་ལས་ཡིན་པའི་ངོས་ནས། ཁོང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་ལྟར། ཞུང་ཨན་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད་པ་དང་། ཁོང་གིས། དཔྱིད་གསར་དུས་ཆེན་གྱི་རྗེས་སུ། ས་ཐོག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ་ཡིན། ང་ཚོས་དུས་སང་ལོ་སྨད་དུ། ང་ཚོའི་དུས་མཚམས་དང་པོའི་ལས་གྲྭ་ཞུང་ཨན་དུ་སྐྲུན་ཟིན་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།
             སྔོན་ལ་སྔོ་ལྗང་ཅན་འཛུགས་སྐྲུན་བྱེད་པ་དང་། རྗེས་སུ་གྲོང་ཁྱེར་སྐྲུན་པ་ནི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་གྱི་འདུ་ཤེས་གསར་པ་ཞིག་ཡིན། ལོ་ངོ་སྟོང་གི་ནགས་ཚལ་ཞེས་པའི་ས་ཁོངས་སུ་ཤིང་འཛུགས་ནགས་བཟོའི་གནས་ཚུལ་སྐོར་མཁྱེན་རྟོགས་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནགས་བཟོ་དང་ནགས་སྲུང་ནང་ཞུགས་མཁན་གྲོང་མི་ཚོའི་ལས་ཀ་དང་ཡོང་འབབ་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པ་དང་། ས་གནས་དེ་གའི་ཞིང་པ་ཚོས་ཧུར་ཐག་ཞུགས་རྒྱུར་ཡིད་འགུག་བྱས་ཏེ། ཞིང་པ་ཚོར་ནགས་བཟོ་དང་ནགས་སྲུང་ཁྲོད་ནས་ཡུན་རིང་ཕན་པ་ཐོབ་པ་བྱེད་དགོས་པའི་བཀའ་སློབ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་དོ་ཁུར་གནང་བ་དེས། ཞུང་ཨན་ཁུལ་གསར་གྱི་མང་ཚོགས་ཚོ་སེམས་འགུལ་ཚད་མེད་ཐེབས་ཡོད། ཞུང་ཨན་ཁུལ་གསར་རོང་ཁྲེང་རྫོང་ལི་ལང་གྲོང་ཚོའི་གྲོང་མི་ཀྲང་ཞའོ་ལེས། ཀྲུའུ་ཞི་ཞི་ཅིན་ཕིང་དེ་གར་ཕེབས་པས་ཁུལ་གསར་འཛུགས་སྐྲུན་ཇེ་མགྱོགས་སུ་འགྲོ་ངེས་ཡིན། དེར་བརྟེན་སེམས་ཤུགས་དང་རེ་བས་ཁེངས་སོང་། ཁུལ་གསར་འཛུགས་སྐྲུན་ནི་ལོ་ངོ་སྟོང་གི་ཇུས་ཆེན་ཞིག་ཡིན་ལ། དེའང་ཕ་ཚ་བུ་རྒྱུད་ལ་ཕན་བདེ་སྐྲུན་པ་ཞིག་ཡིན། སླད་ཕྱིན་དེ་གར་འཛམ་གླིང་ཐོག་གི་གྲོང་ཁྱེར་རྩེ་གྲ་བསྐྲུན་རྒྱུ་ཡིན་པས། ང་ཚོར་དགའ་ཚོར་དང་སྤོབས་སེམས་ཆེན་པོ་འདུག་ཅེས་བསྟན་ཡོད་པ་རེད།