ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

“ སྟོང་ཟུང་བྱ་སྤྱོད”ཀྱིས་བོད་ཀྱི་གློ་གཅོང་གི་ནད་པ་དབུལ་པོ11ལ་རོགས་སྐྱོབ་གནང་པ།

སྤེལ་དུས 2019-01-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། ཟླ1པོའི་ཚེས20ཉིན་ཀྲུང་གོའི་གློ་ནད་སྔོན་འགོག་སྤྱི་ཕན་ཐེབས་རྩའི“སྟོང་ཟུང་བྱ་སྤྱོད”ཀྱི་གངས་ལྗོངས་ས་མཐོའི་བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་འཚོགས་པ་དང་། ཀྲུང་གོའི་གློ་ནད་སྔོན་འགོག་མནའ་མཐུན་ཚོགས་པས་གཉེར་འགོ་བཙུགས་པའི་ཀྲུང་གོ་གློ་ནད་སྔོན་འགོག་གི་གློ་གཅོང་ནད་པ་དབུལ་པོའི་རོགས་སྐྱོབ་ཀྱི་སྤྱི་ཕན་ཐེབས་རྩ་སྟེ“སྟོང་ཟུང་བྱ་སྤྱོད”རྣམ་གྲངས་ཀྱི་རོགས་སྐྱོབ་ཐེབས་རྩས་ཆ་རྐྱེན་ལ་ལོངས་པའི་གློ་གཅོམ་ནད་པ་དབུལ་བོ11 ལ་རོགས་བྱས་ཏེ་གློ་གཅོང་ནད་པ་དབུལ་པོའི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་ཐག་གཅོད་གནང་པ་རེད།

ཀྲུང་གོའི་གློ་ནད་སྔོན་འགོག་གི་སྤྱི་ཕན་ཐེབས་རྩའི“སྟོང་ཟུང་བྱ་སྤྱོད”ཀྱི་གངས་ལྗོངས་ས་མཐོའི་བྱེད་སྒོ་སྤེལ་ཡུལ།
            བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་ཡོན་ཀྲང་གཞོན་པ་ཡན་ཞའོ་སུང་གིས། བོད་རང་སྐྱོང་ལྗོངས་ཀྱི་གློ་བའི་གཅོང་ནད་ཀྱི་གནས་ཁེལ་ཆེད་ལས་ཚན་ཁག་གི་སྨན་ཁང་ཡིན་པའི་ཆ་ནས། སྨན་ཁང་དེའི་འགོས་ནད་ཕོག་པའི་ནད་པར་ཐོག་མཐའ་བར་གསུམ་དུ་བདེ་འཇགས་དང་བློ་གཏོད་རུང་པ། རྒྱུན་མཐུད་ངང་ཕན་ནུས་ཐོན་པ། སྤུས་ལེགས་ཤིང་གོང་ཁེ་བའི། གནད་སྨིན་སྟབས་བདེའི་སྨན་བཅོས་ཞབས་ཞུ་སྒྲུབ་པར་འབད་བརྩོན་གནང་གི་ཡོད་ལ། 2018ལོར་སྨན་ཁང་གིས་ཧུར་ཐག་བྱས་ཏེ་ཀྲུང་གོའི་གློ་ནད་སྔོན་འགོག་གི་སྤྱི་ཕན་ཐེབས་རྩར་བོད་ཀྱི་དབུལ་ཕོངས་གློ་གཅོང་ནད་ཀྱི་ནད་པ་རེ་ཞུ་བྱས་ཏེ།“སྟོང་ཟུང་བྱ་སྤྱོད”རྣམ་གྲངས་ཀྱི་རོགས་སྐྱོབ་ཐེབས་རྩའི་རྒྱབ་སྐྱོར་ཐོབ་པ་དང་། ཕྱིན་ཆད་ཀྱང་མུ་མཐུད་དུ་ཆ་རྐྱེན་དང་མཐུན་པའི་གློ་གཅོང་ནད་ཀྱི་ནད་པར་ཐེབས་རྩ་དེས་རོགས་སྐྱོབ་གནང་པར་རེ་ཞུ་ཕུལ་རྒྱུ་རེད།

ཀྲུང་གོའི་གློ་ནད་སྔོན་འགོག་གི་སྤྱི་ཕན་ཐེབས་རྩ“སྟོང་ཟུང་བྱ་སྤྱོད”ཀྱི་གངས་ལྗོངས་ས་མཐོའི་བྱེད་སྒོ་སྤེལ་ཡུལ།
            "ཐུགས་རྗེ་ཆེ་ཞུ།བཀའ་དྲིན་ཆེ།”བྱེད་སྒོ་སྤེལ་ཡུལ་དངོས་སུ། རོགས་སྐྱོབ་འགྲོ་གྲོན་དང་འཚམས་འདྲིའི་དངོས་པོ་ལེན་མཁན་རྒྱ་མཚོས་ཆོས་འཕེལ་གྱིས་སེམས་གཏིང་ནས་བཀའ་དྲིན་ཞུས་པ་དང་། ཁོས་གསར་འགོད་པར། རང་གི་ཆུང་མར་འགོས་ཁྱབ་རང་བཞིན་གློ་བའི་གཅོང་ནད་ཕོག་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་སྨན་བཅོས་གནང་པ་དང་། རོགས་སྐྱོབ་གྲོན་དངོས་དེས་ཆུང་མར་འཚོ་བཅུད་ཟས་རིགས་ཉོས་པ་ཡིན་ལ། “ཁོ་མོས་སྔ་མོ་ནས་སངས་དྲག་ཡོང་པའི་རེ་བ་ཡོད”ཅེས་ངོ་སྤྲོད་གནང་བྱུང་།
            ཧྥུའུ་ཤིན་སྨན་རྫས་ཚོགས་པའི་གཤམ་འོག་གི་ཧྲེན་དབྱང་དར་དམར་སྨན་བཟོ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལས་གཉེར་པ་ཀྲང་རའེ་ངོ་སྤྲོད་བྱས་པར་གཞིགས་ན། 2016ལོར་ཀྲུང་གོའི་གློ་ནད་སྔོན་འགོག་མཐུན་ཚོགས་དང་ཧྥུའུ་ཤིན་སྨན་རྫས་ཚོགས་པའི་གཤམ་འོག་ཧྲེན་དབྱང་དར་དམར་སྨན་བཟོའི་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་ཀྲུང་གོའི་གློ་ནད་སྔོན་འགོག་གི་གློ་བའི་གཅོང་ནད་དབུལ་པོའི་རོགས་སྐྱོབ་ཀྱི་སྤྱི་ཕན་ཐེབས་རྩ“སྟོང་ཟུང་བྱ་སྤྱོད”རྣམ་གྲངས་བཙུགས་པ་དང་། 2016ལོ་ནས་བཟུང་། ལོ་ལྟར་ཉུང་མཐར་ཡང་གློ་གཅོང་ནད་ཀྱི་ནད་པ་དབུལ་པོ1000རོགས་སྐྱོབ་དང་། ནད་པའི་རོགས་སྐྱོབ་འགྲོ་གྲོན་ཉུང་མཐར་ཡང་མི་རེར་སྒོར1000 རེད་འདུག
            ཀྲང་རའེཡིས“བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་གློ་བའི་གཅོང་ནད་ཀྱི་རིམས་ནད་བྱུང་ཚུལ་དང་ཁུར་པོ་ལྕི་བའི་ཞིང་ཆེན་གྲས་ཤིག་ཡིན་ཞིང་། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་དེ་བཞིན་རྗེས་མཐུད་ཀྱི་སྤྱི་ཕན་བྱེད་སྒོ་དག་གིས་མི་དེ་བས་མང་པོས་གློ་བའི་གཅོང་ནད་ཀྱི་ཤེས་བྱར་ཤེས་རྟོགས་ཡོང་རྒྱུ་དང་། སྔོན་འགོག་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད”ཅེས་ཟེར།