ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གཙང་བཀྲ་ཤིས་ལྷུན་པོར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ30འཁོར་བའི་རྗེས་དྲན་ཞུ་བའི་སྨོན་ལམ་ཆོས་ཚོགས་གཟབ་རྒྱས་ངང་འཚོགས་པ།

སྤེལ་དུས 2019-02-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
སྨོན་ལམ་ཆོས་ཚོགས་ཀྱི་ཡུལ་དངོས་སུ་བཞེངས་པའི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་གསེར་སྐུ་བྱིན་ཅན།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ1པོའི་ཚེས28ཉིན་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ30འཁོར་བའི་རྗེས་དྲན་ཉིན་མོ་ཡིན་ལ། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོར་སྨོན་ལམ་ཆོས་ཚོགས་གཟབ་རྒྱས་ངང་འཚོགས་ཏེ། རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་། རྒྱལ་སྲིད་ལས་དོན་སྒྲུབ་མཁན་གྲགས་ཅན། ཀྲུང་གོ་གུང་ཁྲན་ཏང་གི་བློས་ཐུབ་གྲོགས་པོ།  ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་བླ་ན་མེད་པའི་དབུ་ཁྲིད་ཁོང་ཉིད་ལ་རྗེས་དྲན་ཞུས་པ་རེད།
             ཞོགས་པའི་ཉི་ཟེར་མཁའ་ལས་འཕྲོས་པ་དང་བསྟུན། ཆོས་དུང་རྔ་ཆེན་དཀྲོལ་བའི་སྒྲ་དབྱངས་ཁྲོད། ལྷ་བསང་བདུག་སྤོས་ཀྱི་བསང་དུད་ནི་བཀྲ་ཤིས་ལྷུན་པོ་དགོན་གྱི་བར་སྣང་དུ་ལང་ལོང་དུ་འཕྱུར་ཞིང་། ཚོགས་ཆེན་འདུ་ཁང་དུ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་གསེར་སྐུ་བྱིན་ཅན་ལ་གསོན་ཉམས་ཀྱི་ཁྱད་ཆོས་མངོན་འདུག འདུས་སྡེའི་དགེ་འདུན་པ200ལྷག་ཙམ་ཚོགས་བཞུགས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ30འཁོར་པར་མི་ཕྱེད་སྙིང་ནས་བསྔོ་སྨོན་རྩེ་གཅིག་ཏུ་གསོལ་གྱི་འདུག
ཆོས་ཚོགས་ཀྱི་ཡུལ་དངོས་སུ་བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པས་སྨོན་ལམ་གསུང་བཞིན་པ།
ཆོས་ཚོགས་ཀྱི་ཡུལ་དངོས་སུ་བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པས་སྨོན་ལམ་གསུང་བཞིན་པ།
             “ང་ཚོས་ད་རེས་ཀྱིས་སྨོན་ལམ་ཆོས་ཚོགས་སུ《བླ་མ་མཆོད་པ》དང《པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡོན་ཏན་ལ་བསྟོད་པ》《པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཞབས་བརྟན་གསོལ་འདེབས》《དགེ་ལྡན་ལུགས་བཟང་རྒྱས་པའི་སྨོན་ལམ》《བསྟན་འབར་མ》《བར་ཆད་ལམ་སེལ》བཅས་ཞལ་འདོན་གནང་པ་ཡིན་ལ། དེས་ནི་དམ་པ་ཁོང་ལ་རྗེས་དྲན་ཙམ་མིན་པར།  ཁོང་གི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་ཐུགས་དགོངས་ལ་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་གཏོང་ཆེད་ཡིན”ཞེས་བཀྲ་ཤིས་ལྷུན་དགོན་དོ་དམ་ཨུ་ལྷན་གྱི་བློ་བཟང་གིས་དེ་སྐད་གསུངས།
             བཀྲ་ཤིས་ལྷུན་པོ་དགོན་ནི་གཞིས་རྩེ་ས་ཁུལ་གྱི་དགོན་པ་ཆེ་ཤོས་ཡིན་ལ་གཙང་ཁུལ་གྱི་ཆོས་ལུགས་རིག་གནས་ཀྱི་ལྟེ་གནས་ཀྱང་ཡིན་ཏེ།ཆོས་སྡེ་དེ་ནི་དགེ་ལུགས་པའི་སྲོལ་འབྱེད་མཁན་རྗེ་ཙོང་ཁ་པའི་དངོས་སློབ་ཏེ་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་ཀྱིས་སྤྱི་ལོ1447ལོར་ཕྱག་བཏབ་པ་དང་། དེའི་རྗེས་སུ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་རྒྱ་ཆེར་བསྐྲུན་པ་རེད། པཎ་ཆེན་སྐུ་ཕྲེང་བཞི་པ་མཆོག་གིས་དབུ་བཞུགས་ཀྱི་ཞལ་བཞེས་རྗེས། འདི་ག་ནི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་སར་ཆགས་པ་རེད།
བཀྲ་ཤིས་ལྷུན་དགོན་གྱི་དགེ་འདུན་པས་ཞལ་འདོན་གསུང་བཞིན་པ།
             པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡིན་པའི་ངོས་ནས། རྒྱལ་ཡོངས་ཀྱི་ཡུལ་ལུང་ཀུན་ཏུ་ལས་ཀར་གཟིགས་ཞིབ་དང་དད་ལྡན་མང་ཚོགས་བཀའ་ཆོས་གསུང་པའམ་ཡང་ན་ཕྱི་རྒྱལ་དུ་ཆིབས་བསྒྱུར་གནང་ནས་སྐུ་མགྲོན་ལ་མཇལ་འཕྲད་གནང་པ་གང་ཡིན་རུང་། ཁོང་གིས་ཐུགས་དགོངས་རྣམ་དག་དང་ངང་རྒྱུད་འཇམ་པོའི་སྒོ་ནས་མེས་རྒྱལ་དང་མི་ རིགས་ལ་དགའ་ཞེན་བྱེད་པ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་གསུང་སྒྲོག་གནང་པ་མ་ཟད་རང་གི་མྱོང་པ་དངོས་ལ་བརྟེན་ནས་སྲིད་ཇུས་འདི་དག་གི་ཡང་དག་རང་བཞིན་ཐད་བཀའ་གསུང་བསྩལ་ཏེ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་བོད་ལ་ཤེས་རྟོག་དང་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ཤེས་རྟོགས་ཐད་མཛད་རྗེས་མི་དམན་པ་བཞག་ཡོད་པ་རེད།
             1989ལོའི་ཟླ1པོའི་ཚེས28ཉིན། དམ་པ་ཁོང་གིས་ཕྱག་ལས་སྐུ་ངལ་བཞེས་དྲགས་ཏེ་གཞིས་ཀ་རྩེར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝན་ལེ་ཡིས་མྱ་ངན་ཞུ་ཚིག་གསུང་སྐབས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ནི་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་། རྒྱལ་སྲིད་ལས་དོན་སྒྲུབ་མཁན་གྲགས་ཅན། ཀྲུང་གོ་གུང་ཁྲན་ཏང་གི་བློས་ཐུབ་གྲོགས་པོ།  ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་བླ་ན་མེད་པའི་དབུ་ཁྲིད་ཅིག་རེད་ཅེས་གདེངས་འཇོག་ཚད་མཐོན་པོ་གནང་པ་རེད།