ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གངས་ལྗོངས་ཀྱིས་ལོ་གསར་ལ་ཕུལ་བའི་བཀྲ་ཤིས་གཡང་ཡིག

སྤེལ་དུས 2019-02-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
དགེ་སློབ་ཡོངས་ཀྱིས་གཡང་ཡིག་བཟུང་ནས་མཉམ་པར་བླངས།
             ལོ་གསར་བའི་ནང་ཐེངས་དང་པོར་པེ་ཅིང་ལ་སླེབས་ནས་ཆེས་ཐོག་མར་ཡིག་གཟུགས་བྲིས་པ་དང་། ཆེས་ཐོག་མར་གཡང་ཡིག་བྲིས། བོད་རིགས་ཕྲུ་གུ་འདི་དག་གིས་རྒྱལ་ས་པེ་ཅིང་དུ་རང་ཉིད་ཀྱི་སྨོན་འདུན་བྲིས་ནས་ལོ་གསར་ལ་རྟེན་འབྲེལ་ཞུས།
             ཀྲུང་ཧྭ་མི་རིགས་ལ་ཐུན་མོང་མ་ཡིན་པའི་དམངས་སྲོལ་ཕུན་སུམ་ཚོགས་པོ་ཡོད། ལྷག་པར་དུ་ལོ་གསར་ལ་སླེབས་སྐབས་མི་རིགས་ཚང་མར་རང་ཉིད་ཀྱི་རྟེན་འབྲེལ་ཞུ་བའི་གོམས་སྲོལ་ཡོད། འོན་ཀྱང་གཡང་ཡིག་འབྲི་བ་དང་ཤིས་ཚིག་ཆ་ཡིག་སྦྱོར་བ་ནི་ཀྲུང་གོར་ཁོ་ནར་ཡོད་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན། ཤིས་ཚིག་ཆ་ཡིག་སྦྱར་བ་ནི་དཔྱིད་གསར་དུས་ཆེན་གཏོང་བའི་མཚོན་རྟགས་གལ་ཆེན་ཞིག་དང་ཁྱིམ་ཚང་རེ་རེའི་སྒོ་ཁར་ཤིས་ཚིག་ཆ་ཡིག་སྦྱར་ནས་དཔྱིད་གསར་དུས་ཆེན་དངོས་སུ་འགོ་ཚུགས་པ་རེད། ལོ་གསར་ལ་རྟེན་འབྲེལ་ཞུ་ཆེད། པེ་ཅིང་གྲོང་ཁྱེར་འབྲི་ཆུ་ཚན་རྩལ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2019ལོའི་བོད་ལྗོངས་ཀྱི་དྭ་ཕྲུག་པེ་ཅིང་དུ་སླེབས་ནས་རིག་གནས་ཡུལ་སྐོར་གྱི་བྱེད་སྒོས་དམིགས་བསལ་གྱི་གཡང་ཡིག་དང་ཤིས་ཚིག་ཆ་ཡིག་འབྲི་བའི་ཡིག་གཟུགས་སློབ་ཁྲིད་བཀོད་སྒྲིག་བྱས། ཡིག་གཟུགས་དགེ་རྒན་གྱིས་མགོ་མ་བརྩམས་སྔོན་ལ་ཚང་མར་གཡང་ཡིག་དང་ཤིས་ཚིག་ཆ་ཡིག་འབྲེལ་ཡོད་ཀྱི་རྨང་གཞིའི་ཤེས་བྱ་ངོ་སྤྲོད་བྱས། ཤིས་ཚིག་ཆ་ཡིག་གི་ཡིག་གཟུགས་གྲལ་དག་ལ། གཟུགས་སྙོམས་ལ་ཆ་ཚད་མཐུན་པ། ཡིག་གཅིག་སྒྲ་གཅིག་པའི་ཀྲུང་ཧྭའི་སྐད་ཆའི་ཐུན་མིན་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པ་དང་། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ནོར་བུ་ཞིག་ཡིན། གཡང་ཡིག་“福”ནི་སྲོལ་རྒྱུན་རིག་གནས་ཁྲོད་“福、禄、寿、喜、财”(བདེ་སྐྱིད། དཔོན་གནས། ཚེ་རིང་། དགའ་སྟོན། འབྱོར་ཕྱུག)ཡི་གེའི་ལྔའི་དང་པོ་ཡིན་པས་“འཇིག་རྟེན་གྱི་དང་པོ་ནི་བདེ་སྐྱིད་”ཡིན་པའི་ཤོད་སྲོལ་ཡོད།
             ཕྲུ་གུ་ཚོས་ཡིག་གཟུགས་འབྲི་བར་སྟབས་བདེ་ཡོང་ཆེད། ཡིག་གཟུགས་དགེ་རྒན་གྱིས་གཡང་ཡིག་གི་སྨྱུག་རིམ་འགྲེལ་བཤད་བྱས། དེ་འདྲའི་འབྲི་དཀའ་བའི་ཡི་གེ་གཅིག་དགེ་རྒན་གྱི་སྣེ་ཁྲིད་འོག་ལས་སླ་བོར་གྱུར། བྱིས་པ་ཚང་མས་ཧ་ཅང་ནན་ཏན་གྱིས་འབྲི་སྦྱོང་བྱས། ཚང་མས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རང་གི་བློ་ཡིད་ཚིམ་པའི་གཡང་ཡིག་དང་ཤིས་ཚིག་ཆ་ཡིག་བྲིས་པ་མ་ཟད། རང་ཉིད་ཀྱི་མིང་སྟེང་དུ་འཁོད་པས་གཡང་ཡིག་དེ་ལྷག་པར་དོན་སྙིང་ཡོད་པ་ཞིག་ཏུ་གྱུར།
པེ་ཅིང་ནས་སླེབས་པའི་དགེ་རྒན་གྱིས་པིར་སྨྱུག་གིས་ཡི་གེ་འབྲི་བའི་ཐབས་ལམ་ཁྲིད་བཞིན་པ།
པིར་སྨྱུག་བཟུང་ནས་ཡིག་གཟུགས་འབྲི་བར་གྲ་སྒྲིག་བྱེད་བཞིན་པའི་སློབ་མ།
སློབ་མས་སྦྱང་ཤོག་སྟེང་ཚོད་འབྲི་བྱེད་བཞིན་པ།
གཡང་ཡིག་“福”ཡི་སྨྱུག་རིམ་གསེད་འགྲེལ།
ཡིག་གཟུགས་དགེ་རྒན་གྱིས་སློབ་མར་ཡིག་གཟུགས་མཛུབ་སྟོན་བྱེད་བཞིན་པ།
སློབ་མའི་མིང་ཡིག་འཁོད་པའི་གཡང་ཡིག་ཕྱོགས་བསྡུས།
ཨ་པོས་བྲིས་པའི་ཤིས་ཚིག་ཆ་ཡིག
ཀུན་མཆོག་སྐྱབས་དང་ཁོའི་གཡང་ཡིག
གཅེན་གཅུང་སྤུན་གསུམ་གྱི་གཡང་ཡིག
སློབ་མ་ཚོས་གཡང་ཡིག་འབྲི་བ་དང་ཁ་བཏགས་ཕུལ།