ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཁ་ཐར་གྱི་ཨའེ་མི་འར་ཐ་མི་མུ་དང་གྲོས་མོལ་གནང་བ།

སྤེལ་དུས 2019-02-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རིན་སྒྲོལ་གྱིས་བསྒྲིགས།

          སྤྱི་ཟླ་དང་པོའི་ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཁ་ཐར་གྱི་ཨའེ་མི་འར་ཐ་མི་མུ་དང་གྲོས་མོལ་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་མགྲིན་དབྱངས་གཅིག་གྱུར་ངང་ཕན་ཚུན་བར་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཐུན་མོང་གོང་འཕེལ་བཅས་ཀྱི་ཀྲུང་གོ་དང་ཁ་ཐར་གྱི་འཐབ་ཇུས་རོགས་པའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་མོས་མཐུན་གནང་ཡོད།
          ཞི་ཅིན་ཕིང་གིས། སྤྱི་ལོ་2014ལོར། ང་རང་དང་ཨའེ་མི་འར་མཆོག་ནས་པེ་ཅིང་དུ་ཀྲུང་གོ་དང་ཁ་ཐར་གྱི་འཐབ་ཇུས་རོགས་པའི་འབྲེལ་བ་འཛུགས་རྒྱུ་མཉམ་དུ་ཁྱབ་བསྒྲགས་བྱས་པ་མ་ཟད། ཕྱོགས་གཉིས་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཐུན་མོང་ངོས་འཛིན་དེ་དག་དོན་འཁྱོལ་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་མིག་མཐོང་ལག་འཛིན་གྱི་ཕན་པ་ཐོབ་པ་མཐོང་དུས་ང་རང་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་།
          ཞི་ཅིན་ཕིང་གིས། ཀྲུང་གོའི་ཕྱོགས་ནས་ཁ་ཐར་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། ཀྲུང་གོས་ཁ་ཐར་ཕྱོགས་ནས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམས་པའི་གོང་འཕེལ་གྱི་འགྲོ་ལམ་རང་རྟེན་འཚོལ་ཞིབ་བྱས་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཁ་ཐར་ཕྱོགས་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཁ་ཐར་ཕྱོགས་ནས་ཀྲུང་གོའི་སྲོག་ཤིང་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོའི་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཕྱོགས་གཉིས་པོས་གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད་སྔར་ལས་ལྷག་པ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་དུ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གསུངས་གནང་བ་དང་།
          ཞི་ཅིན་ཕིང་གིས། རྒྱལ་ཁབ་གཉིས་པོའི་བར་རྡོ་སྣུམ་དང་རང་བྱུང་རླངས་ཀྱི་མཉམ་ལས་ཀྱིས་གཙོ་བོ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་གཙོ་གནད་བྱེད་པ། དངུལ་རྩ་དང་མ་འཇོག་གིས་འཕར་གནས་གསར་པ་བྱེད་པའི་མཉམ་ལས་ཀྱི་རྣམ་པ་གསར་པ་ཞིག་ཐོག་མའི་ཆ་ནས་གྲུབ་ཡོད་ཅེས་གསུངས་པ་དང་།
          ཞི་ཅིན་ཕིང་གིས། ནུས་ཁུངས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མཐོ་གསར་ལག་རྩལ། མ་འཇོག་བཅས་ཁྱབ་ཁོངས་ཆེན་པོ་བཞིའི་མཉམ་ལས་ལ་གཅིག་གྱུར་ངང་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་ཀྱི་བསམ་པའི་རླབས་རྒྱུན་ལ་ངོ་རྒོལ་བྱེད་པའི་ཐད་སྤེལ་རེས་ལ་ཤུགས་སྣོན་དང་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་མཉམ་ལས་བྱེད་དགོས། མི་ཆོས་རིག་གནས་ཀྱི་སྤེལ་རེས་སྔར་བས་ཟབ་ཏུ་གཏོང་བ་དང་། ཡུལ་སྐོར་དང་། རིག་གནས། ལུས་རྩལ། སྨྱན་སྦྱོར་ལས་རིགས་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་སྤྱི་ལོ་༢༠༢༢ལོར་ཁག་སོ་སོར་ཀྲུང་གོ་དང་ཁ་ཐར་དུ་གཉེར་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ལུས་རྩལ་རྒྱས་འཛོམས་ཆེན་པོ་གཉིས་གཉེར་རྒྱུ་ཡིན་པས་ཕན་ཚུན་རྒྱབ་སྐྱོར་དང་ཐུན་མོང་ཐོག་ཡག་པོ་གཉེར་དགོས་པའི་ནན་གསུངས་གནང་བ་དང་།
          ཞི་ཅིན་ཕིང་གིས། ས་ཁོངས་མཉམ་ལས་དང་མཚོ་ཁུག་གི་བརྟན་ལྷིང་ནི་ས་ཁུལ་དེ་གའི་དར་རྒྱས་ཀྱི་རྨང་གཞི་གལ་ཆེན་ཡིན། ཀྲུང་གོའི་ཕྱོགས་ནས་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ཨ་རབ་ཀྱི་སྒྲོམ་གཞིའི་ནང་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ཕྱོགས་འགལ་དང་འགལ་ཟླ་ཐག་གཅོད་འོས་འཚམས་བྱེད་པ་དང་། མཚོ་ཁུག་ཨ་རབ་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་དང་འཆམ་མཐུན་སླར་གསོ་ཡོང་བ་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ཀྱི་བསམ་འདུན་ལྟར་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་གསུངས་གནང་ཡོད།
          ཐ་མི་མུས། ཐོག་མར་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་གནང་བ་དང་། ཁོང་གིས། ཁ་ཐར་དང་ཀྲུང་གོ་ནི་འཐབ་ཇུས་རོགས་པ་ཡིན། ཕྱོགས་གཉིས་པོའི་མཛའ་གྲོགས་འབྲེལ་བ་གོང་འཕེལ་མགྱོགས་པོ་བྱུང་ཡོད། ཁ་ཐར་གྱིས་ཀྲུང་གོའི་དཔལ་འབྱོར་ལ་སེམས་ཤུགས་ཀྱིས་ཁེངས་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་བརྡ་ལན་ཞུ་སྔ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་ཞིང་། ཀྲུང་གོའི་ཕྱོགས་དང་ནུས་ཁུངས་དང་། མ་འཇོག ཚན་རྩལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་རྒྱ་ཆེན་པོའི་ནང་མཉམ་ལས་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ཁ་ཐར་དུ་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱིས་ཐོན་པའི་ནུས་པར་བསྔགས་བརྗོད་ཞུ་རྒྱུ་དང་། ཀྲུང་གོའི་ཁེ་ལས་ནས་ཁ་ཐར་དུ་མ་འཇོག་ལས་གཉེར་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཁ་ཐར་ཕྱོགས་ནས་ཀྲུང་གོའི་རིག་གནས་དང་། ཡུལ་སྐོར། གསར་འགྱུར་བཅས་ཀྱི་སྤེལ་རེས་ཤུགས་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་བཞིན་ཡོད། ཁ་ཐར་ཕྱོགས་ནས་ཀྲུང་གོས་ཕྱོགས་མང་བྱ་དོན་དང་དེ་བཞིན་དབུས་ཤར་དང་མཚོ་ཁུག་ས་ཁུལ་གྱི་གནད་དོན་ཐད་ཀྱི་དགེ་མཚན་ལྡན་པའི་ལངས་ཕྱོགས་ལ་གདེང་འཇོག་ཡག་པོ་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་དང་། འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
          གྲོས་མོལ་གནང་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་ལྷན་དུ་དཔང་པོ་གནང་ཡོད།
          གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཐ་མི་མུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་གནང་ཡོད་པ་རེད།