ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཞབས་སོར་འཁོད་པ།

སྤེལ་དུས 2019-02-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
【རྩོམ་སྒྲིག་པའི་གཏམ】པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་སྐུ་ཚེ་ཧྲིལ་པོར། བོད་མི་དམངས་ཀྱི་འཚོ་བའི་གནས་ཚུལ་དང་བོད་ཁུལ་གྱི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་ཐུགས་ཁུར་ཟབ་བཞེས་གནང་ཡོད་ཅིང་། བོད་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་ བསྒྱུར་བཅོས་གོང་སྤེལ་སྐུལ་འདེད་གཏོང་ཆེད། ཐུགས་ནུས་ཇི་ཡོད་བཏོན་ནས་དཀའ་ལས་ཞེ་དྲགས་བརྒྱབ་ཡོད་པ་རེད། རིན་པོ་ཆེ་མཆོག་དེ་སྔར1980ལོ་དང1987ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་གཟིགས་ཞིབ་འཚམས་འདྲིར་ཆིབས་བསྒྱུར་གནང་ནས་མཚོ་ལྷོ་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ལ་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་བསྩལ་པ་དེས་ཁོང་གིས་མཚོ་ལྷོ་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད་པ་མཚོན་ཐུབ།
          ཁོང་གི་དཀའ་སྤྱད་མཛད་འཕྲིན་བསྐྱངས་པ་ཡི། ཕྱག་རྗེས་མཚོ་ལྷོའི་ཡུལ་དུ་བརྟན།
          ད་ལོ་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་མྱ་ངན་ལས་འདས་ནས་འགྲང་བྱ30འཁོར་པའི་ལོ་ཡིན་ཏེ། སྐུ་པར་ཤིན་ཏུ་རྩ་ཆེ་བ་ཁ་ཤས་ཀྱི་ལམ་ནས་རིན་པོ་ཆེ་ཁོང་ཉིད་མཚོ་ལྷོར་ཆིབས་བསྒྱུར་གནང་པའི་དུས་སྐལ་ལ་ཕྱིར་དྲན་བྱའོ། །
          མཚམས་སྤྲིན་མཁའ་ལ་འཁྲིགས་ཤིང་རྩི་ཤིང་འདབ་ལོ་རྒྱས་ལ། མཐོ་སྒང་གི་སྟོན་ཁར་དྲོ་འཇམ་བསིལ་རླུང་དལ་གྱིས་ལྡང་།1987ལོའི་ཟླ10ཚེས12ཉིན། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་བསྣམས་ཏེ་མཚོ་ལྷོ་ཁུལ་ལ་ཆིབས་བསྒྱུར་ཐེངས་གཉིས་པ་གནང་པ་རེད་། ལེ་དབར་སྟོང་ཕྲག་གིས་ཆོད་པའི་མཚོ་བོད་ལམ་རྒྱུད་དུ་མི་མང་གིས་རེ་སྒུག་ཆེན་པོ་གནང་གི་ཡོད་ལ། ལྷུང་ལྷུང་འབབ་པའི་ལྡོག་བཞུར་གཙང་པོས་དམ་པ་ཁོང་གི་གསུང་དབྱངས་ཀུན་ལ་སྒྲོག་པ་དང་གཉིས་མེད།
དར་གྱི་བ་དན་གཡོ་ཞིང་ཅང་ཤེས་བང་ཁ་རླུང་དང་འགྲན་པ་སྟེ།  མཚོ་བོད་ལམ་རྒྱུད་ཀྱི་ཆིབས་བསུ་པ་སྟོང་ཕྲག་ལྷག་གིས་མི་རིགས་ཀྱི་གུས་སྲོལ་གཟབ་ཤོས་ལམ་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལ་ཕེབས་བསུ་གནང་བཞིན་ཡོད།
པཎ་ཆེན་རིན་པོ་ཆེ་མཆོག་ལ་ཕེབས་བསུ་གནང་མཁན་དད་ལྡན་སེར་སྐྱ་མང་ཚོགས།
          ཉི་ཟླ་རི་བོ་ནི་ཁྱད་མཚར་པའི་གཏམ་རྒྱུད་ཀྱིས་སྤྲས་པའི་རི་རྒྱུད་ཅིག་ཡིན་ལ།དེ་ནི་རྒྱ་བོད་མི་དམངས་ཀྱི་མཛའ་བཤེས་ལོ་རྒྱུས་ཀྱི་དཔང་པོ་ཞིག་ཀྱང་རེད། ཟླ10ཚེས12ཉིན། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་འདི་གར་ཞབས་སོར་འཁོད་དེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛད་འཕྲིན་ལ་དྲན་གསོ་ཞུས་པ་རེད།མུ་མཐའ་བྲལ་བའི་སྤང་ལྗོངས་རྩྭ་ཐང་གི་ཁོད་དུ་རང་བྱུང་མཛེས་སྡུག་གི་བཀོད་པས་ཡིད་དབང་འཕྲོག་ཅིང་། དེ་གར་གཞིས་ཆགས་པའི་རུ་སྡེ་ལ་སྤྱན་གཟིགས་གནང་ཚེ།  ནོར་ལུག་ནི་རྩྭ་ཐང་གི་ཕྲ་རྒྱུན་ཏུ་བཞད་པ་ལྟར། མི་དམངས་ཀྱི་གདོང་ལ་བདེ་སྐྱིད་ཀྱི་སྤྲོ་ཉམས་ཀྱིས་ཁེངས་འདུག རིན་པོ་ཆེ་མཆོག་གིས་འདི་གར་བོད་རྒྱ་མི་དམངས་བར་གྱི་མཛའ་བརྩེ་ནི་གཙང་པོའི་རྒྱུན་བཞིན་གནས་ཤིང་ཡར་ངོས་ཟླ་ལྟར་འཕེལ་བ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཐོ་སྒང་གི་ཡུལ་གྲུ་ཀུན་ལ་བཞད་པའི་ཐུགས་སྨོན་བཏབ་པ་རེད།
པཎ་ཆེན་རིན་པོ་ཆེ་མཆོག་ཉི་ཟླ་རི་བོར་ཞབས་སོར་འཁོད་བཞིན་པ།
མཐོན་མཐིང་གི་ནམ་མཁའ་གཡའ་དག་ཅིང་དར་ལྕོག་ལྷབ་ལྷུབ་གཡོ། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཉི་ཟླའི་རི་རྩེར་ལྷ་བསང་མཆོད་ནས་སྐྱབས་འཇུག་སྨོན་ལམ་གསོལ་བ་རེད།
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་ཉི་ཟླའི་རི་རྩེ་ནས་མཚོ་ལྷོ་རྩྭ་ཐང་གི་མཛེས་ལྗོངས་ལ་སྤྱན་གཟིགས་གནང་བཞིན་པ།
          1980ལོར། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་མཚོ་ལྷོ་ཁུལ་ལ་གཟིགས་ཞིབ་ཐོག་མ་གནང་དུས།  བདེ་སྐྱིད་ཐང་དུ་ཆོས་ཕྱོགས་ཀྱི་མཛད་རིམ་གཟབ་རྒྱས་ངང་བསྐྱངས་ཏེ་མ་གྱུར་འགྲོ་བ་ཐམས་ཅད་བདེ་སྐྱིད་ཡོང་པའི་ཐུགས་རྗེ་སྨོན་ལམ་བཏབ་པ་དང་། གནས་འདིར་ཡང“བདེ་སྐྱིད་ཐང”ཞེས་མཚན་གསོལ་པ་རེད། ལོ་ངོ7གྱི་རྗེས་སུ། རིན་པོ་ཆེ་ཁོང་ཉིད་ཡང་བསྐྱར་གནས་འདི་གར་ཞབས་སོར་འཁོད་དེ།  སྐུ་ངལ་ལ་མ་འཛེམས་པར་དད་ལྡན་མང་ཚོགས་ལ་ནང་བསྟན་རིན་པོ་ཆེའི་དགོངས་དོན་བརྒྱུད་སྒྲོག་གནང་པ་དང་། ཞལ་གསུང་བཀའ་སློབ་ཀྱི་དགོས་འདོད་ནོར་བུ་བསྩལ། རིན་པོ་ཆེ་ཁོང་ལ་དད་གུས་གོང་བཀུར་ཡོད་པའི་སེར་སྐྱ་མང་ཚོགས་རྒན་དར་གཞོན་གསུམ་ནི་ཕྱོགས་བཞི་མཚམས་བརྒྱད་ནས་འདི་རུ་མཉམ་འཛོམ་བྱུང་ཏེ།  རིན་པོ་ཆེའི་བཀའ་གསུང་ལ་གསན་པའི་སྐལ་བ་ལྡན་ཞིང་མཇལ་ཁ་ཐོབ་པས། བདེ་སྐྱིད་ཐང་ནི་བདེ་སྐྱིད་དང་དགའ་སྤྲོའི་རྣམ་པས་ཁེངས་ཡོད།
པཎ་ཆེན་མཆོག་གིས་བདེ་སྐྱིད་ཐང་དུ་མཚོ་ལྷོ་ཁུལ་སྟོབས་འབྱོར་མངའ་ཐང་རྒྱས་ཤིང་།  མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་པའི་ཐུགས་རྗེའི་སྨོན་ལམ་གསོལ་བཞིན་པ།
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་མཚོ་ལྷོ་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ལ་ཏང་དང་སྲིད་གཞུང་གི་མཛའ་བརྩེའི་འཚམས་འདྲི་གནང་པ་དང་། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་སྐོར་ནས་ཞལ་གསུང་གནང་བཞིན་པ།
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལ་མཇལ་ཁ་ཞུ་མཁན་དད་ལྡན་མང་ཚོགས།
          སྐབས་དེར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ནི་དེ་སྔའི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞབས་དྲུང་དཀར་པོ་དང་དེ་སྔའི་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་དོན་གྲུབ་རྒྱལ་གྱི་ཕེབས་རོགས་འོག་ཆིབས་འཁོར་དུ་བཞུགས་ཏེ་བདེ་སྐྱིད་ཐང་ནས་མཚོ་ལྷོ་ཁུལ་སྲིད་གཞུང་གི་ལྟེ་གནས་ཆབ་ཆ་གྲོང་རྡལ་དུ་ཆིབས་བསྒྱུར་གནང་སྐབས་། མི་རིགས་ཁག་གི་མི་དམངས་མང་ཚོགས་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལ་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས་ཞིང་། རིན་པོ་ཆེ་མཆོག་གིས་ཐུགས་དགྱེས་པའི་ངང་མི་རིགས་ཁག་གི་མི་དམངས་ལ་ཕྱག་བརྡ་གཏོང་བཞིན་པ།
          ཟླ10ཚེས14ཉིན་གྱི་དགོང་མོར། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་མཚོ་ལྷོ་ཁུལ་དུ་བསྡུས་པའི་ཁུལ་དང་རྫོང་གི་ལས་བྱེད་པའི་ཚོགས་ཆེན་ལ་ཕེབས་ཞུགས་གནང་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་པ་རེད། ཚོགས་འདུའི་ཐོག  པཎ་ཆེན་རིན་པོ་ཆེས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་གཙོ་གནད་དུ་བཟུང་ནས་གསུང་སྒྲོག་གནང་པ་དང་། མཚོ་ལྷོ་ཁུལ་གྱིས་ཏང་གི་འགོ་ཁྲིད་འོག་བླངས་པའི་གྲུབ་འབྲས་ལ་བསྔགས་བརྗོད་དང་ཁས་ལེན་གང་ལེགས་གནང་པ་རེད།
          པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་མཚོ་ལྷོ་ཁུལ་གྱིས་གྲངས་ཉུང་མི་རིགས་ས་ཁུལ་དང་གྲངས་ཉུང་མི་རིགས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་དམ་ཟབ་གནང་རྒྱུ་དང་། མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ། མི་རིགས་ཡར་ཐོན། ཕན་ཚུན་སློབ་སྦྱོང༌།ཐུན་མོང་དུ་ཕྱུག་འགྱུར་ནས་འགོ་བརྩམས་ཏེ། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་མ་ཟད། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་མི་རིགས་ས་ཁུལ་དུ་ལས་ཀ་སྒོ་ཀུན་ནས་ལེགས་པར་བསྒྲུབ་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་པ་དེའི་གལ་ཆེའི་རང་བཞིན་སྔར་བས་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་དེ་དམིགས་སུ་བཀར་ནས་ནན་གྱིས་གསུངས་པ་རེད། ཁོང་གིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་རྒྱལ་གཅེས་ཀྱི་ལངས་ཕྱོགས་དུས་ནམ་ཡིན་ཡང་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ། ནམ་ཡང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་དགོས་པའི་བཀའ་སློབ་བསྩལ་པ་རེད།  པར་གྱི་ཡོངས་ཁུངས་ནི《པཎ་ཆེན་རིན་པོ་ཆེ་མཚོ་ལྷོར་ཞབས་སོར་འཁོད་པ》ཞེས་པ་ལས་བསྐྱར་དུ་པར་བླངས་པ་ཡིན།