ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གངས་ལྗོངས་མཁའ་ལམ་གྱི“སྐོར་སྐྱོད་ཟ་ཁང”

སྤེལ་དུས 2019-02-20 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           མཚོ་བོད་ལྕགས་ལམ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ས་མཐོའི་ལྕགས་ལམ་ཞིག་རེད། ས་ཁོངས་ཀྱི་དམིགས་བསལ་ཁྱད་ཆོས་དང་ཁྱད་འཕགས་ཀྱི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི“ཐང་རྒྱ་གནའ་ལམ་རྟགས་ཅན”གྱི་སྤུས་རྟགས་མེ་འཁོར་ཐོག་གི་ཟ་ཁང་ནང་དུ་སྔོ་ཚལ་སོས་པ་ཡོད་པ་མ་ཟད། ད་དུང་ཞོ་དང་། ཇ་སྲུབ་མ། ཇ་མངར་མོ་སོགས་ཁྱད་ལྡན་གྱི་ཟས་རིགས་ཀྱང་ཡོད། ཟི་ལིང་ནས་གཞིས་རྩེ་བར་གྱི་ལམ་ཐག་སྤྱི་ལེ་ཉིས་སྟོང་ལྷག་ཙམ་ཟིན་པའི་གངས་ལྗོངས་ཀྱི་མཁའ་ལམ་ཐོག་ཡུལ་སྐོར་བས་མཚོ་བོད་ས་མཐོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མྱོང་རོལ་བྱེད་ཐུབ་ལ། “སྐོར་སྐྱོད་ཟ་ཁང”གི་ཞིམ་ཟས་མྱོང་རོལ་བྱེད་ཐུབ་ཅིང་། འདི་ནི་དཔྱིད་གསར་སྐྱེལ་འདྲེན་རིང་ཡུལ་སྐོར་བས“ཐང་རྒྱ་གནའ་ལམ་རྟགས་ཅན”གྱི་མེ་འཁོར་ཐོག་སྐྱེ་ལྡན་གྱི་སྔོ་ཚལ་མངགས་ཉོ་བྱེད་བཞིན་པ།
རྩོམ་སྒྲིག་པ། ཚེ་རིང་།