ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་རིགས་ལུས་རྩལ་པ་ཞིག་གིས་ཤང་ཀང་ནས་ཨང་དང་པོ་བླངས་འདུག

སྤེལ་དུས 2019-02-21 ཡོང་ཁུངས། རྩོམ་པ་པོ།
2019ལོའི་གྲ་མདའ་ཤང་ཀང་མ་ལ་སུང་གི་པར་རིས།
           སྤྱི་ཟླ་༢ཚེས་༡༧ཉིན་གྱི་སྔ་དྲོའི་ཆུ་ཚོད་༥:༤༥ཐོག་༢༠༡༩ལོའི་གྲ་མདའ་ཤང་ཀང་མ་ལ་སུང་རྒྱུག་ཤར་འགྲན་བསྡུར་འགོ་ཚུགས་པ་རེད། ད་ལོའི་མ་ལ་སུང་རྒྱུག་ཤར་འགྲན་བསྡུར་ནང་ཞུགས་མཁན་རྒྱལ་ཁབ་དང་ས་གནས་༩༠ནས་ཡོང་བའི་མི་གྲངས་ཁྲི་༧ཟིན་གྱི་ཡོད་ཅིང་། ཐེངས་འདིའི་རྒྱུག་ཤར་འགྲན་བསྡུར་ནང་འགྲོ་ལམ་ཧྲིལ་པོའི་རྒྱུག་ཤར་འགྲན་བསྡུར་དང་། འགྲོ་ལམ་ཕྱེད་ཀའི་རྒྱུག་ཤར་འགྲན་བསྡུར། སྤྱི་ལེ་༡༠ཡོད་པའི་རྒྱུག་ཤར་འགྲན་བསྡུར་སོགས་ཡོད།
རྒྱལ་བོ་རིན་ཆེན་གྱིས་པེ་ཅིང་ལུས་རྩལ་སློབ་ཆེན་དུ་སྦྱོང་བརྡར་བྱེད་བཞིན་པ། པར་ལེན་པ། ཝང་ཧྥེ།
           ང་ཀང་མ་ལ་སུང་གི་མིང་གྲགས་དང་དཀའ་ཚེགས་ཆེ་ཤོས་དེ་ནི་ཟམ་པ་གསུམ་དང་ཕུག་ལམ་གསུམ་ཡིན་པ་རེད། ཟམ་པ་གསུམ་ནི་ཨང་གྲོན་ཀྲོའུ་ཟམ་ཆེན་དང་། ཆིང་མ་ཟམ་ཆེན། ཐིང་ཅུའུ་ཟམ་ཆེན་བཅས་ཡིན་ལ། ཕུག་ལམ་གསུམ་ནི་ནན་ཝན་ཕུག་ལམ་དང་། གྲང་ཆིང་ཕུག་ལམ། ཞི་ཆུའི་ཕུག་ལམ་བཅས་ཡིན། ཞི་ཆུའི་ཕུག་ལམ་གྱི་ཨེ་ཤ་ཡའི་གདོན་འདྲེའི་འགྲན་ལམ་གྱི་ལམ་དོག་པ་དང་། གྱེན་ཐུར་གཟར་བ། ཁུག་ཆ་རྣོ་བར་མ་ཟད། ཟམ་པའི་སྒང་གཤོང་ཤིན་ཏུ་མི་སྙོམ་པས། འགྲན་ལམ་དེའི་ཐོག་རྒྱུག་རྒྱུར་དཀའ་ཚེགས་ཆེན་པོ་ཡོད།
           འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མན་ཡོན་རྫོང་ནས་ཡིན་པའི་བོད་རིགས་འགྲན་ཞུགས་པ་རྒྱལ་བོ་རིན་ཆེན་གྱིས་ཆུ་ཚོད་༡དང་སྐར་མ་༡༠སྐར་ཆ་༠༥གྲུབ་འབྲས་ལ་བརྟེན་ནས། གྲ་མདའ་ཤང་ཀང་མ་ལ་སུང་སྐྱེས་པའི་ཙུའུ་གི་ཨང་དང་པོ་བླངས་པ་རེད།
རྩོམ་སྒྲིག་པ། ཚེ་རིང་།