ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་གཞིས་རྩེ་བཀྲ་ཤིས་ལྷུན་པོ་དགོན་གྱི་གྲྭ་པ་རྒན་པ་རྣམས་ཚོགས་པ་སྒྲིག་འཛུགས་བྱས་ནས་ནང་སར་ལྟ་སྐོར་སློབ་སྦྱོང་བྱེད་དུ་སོང་བ།

སྤེལ་དུས 2019-02-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་གང་ལེགས་སྒོས་མཚོན་ཆེད། ཉེ་དུས། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གིས་བཀྲ་ཤིས་ལྷུན་པོ་དགོན་གྱི་གྲྭ་པ་རྒན་པ་བཅུ་དགུ་ལྷག་ཧྲང་ཧའེ་དང་། ཀྲེ་ཅང་། སི་ཁྲོན་སོགས་ཀྱི་ནང་བསྟན་དགོན་སྡེར་ལྟ་སྐོར་དང་སློབ་སྦྱོང་བྱ་བར་རྩ་འཛུགས་བྱས་ཏེ་སོང་བ་རེད།
རི་མོ་འདི་ནི་བཀྲ་ཤིས་ལྷུན་པོ་དགོན་གྱི་ལྟ་སྐོར་སློབ་སྦྱོང་ཚོགས་པས་ཧྲང་ཧའེ་ཤར་ཕྱོགས་མུ་ཏིག་མདུན་དུ་མཉམ་པར་བསྐྱོན་པའི་འདྲ་པར་རེད།
            ནང་ལོགས་ས་ཁུལ་གྱི་དེང་རབས་ཅན་གྱི་འཛུགས་སྐྲུན་དང་། འབྲི་ཆུའི་ཟུར་གསུམ་གླིང་གི་མཛེས་ལྗོངས་སོགས“ད་ཐེངས་ཀྱི་ལྟ་སྐོར་དང་སློབ་སྦྱོང་གིས་ང་ཚོར་མེས་རྒྱལ་གྱི་མགྱོགས་མྱུར་འཕེལ་རྒྱས་མཐོང་བར་བཅུག་ཅིང་། ང་ཚོས་ཐེངས་འདིའི་བྱ་འགུལ་གྱི་མཐོང་ཐོས་མྱོང་གསུམ་དུས་ལྟར་ཉེ་འགྲམ་གྱི་སེར་མོ་བ་དང་མང་ཚོགས་ལ་བཤད་དེ། ཁོ་ཚོར་འཐོབ་དཀའ་བའི་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱེད་དགོས་པ་བཤད་རྒྱུ་ཡིན”ཞེས་ལྟ་སྐོར་ཚོགས་པའི་གྲྭ་པ་རྒན་པ་ཞིག་གིས་དེ་ལྟར་བཤད།
            ད་ཐེངས་ཀྱི་ལྟ་སྐོར་དང་སློབ་སྦྱོང་གིས་གྲྭ་པ་རྒན་པ་རྣམས་ལ་མེས་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ40 ལྷག་རིང་གི་གྲུབ་འབྲས་ཆེན་པོ་དངོས་སུ་མཐོང་བར་བཅུག་ཅིང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ད་རེས་ཀྱི་བྱེད་སྒོ་དེས་ནམ་རྒྱུན་དགོན་པར་བསྡད་པའི་གྲྭ་པ་རྒན་པ་རྣམས་ལ་མེས་རྒྱལ་ནང་ལོགས་སུ་ལྟ་སྐོར་བྱེད་པའི་འཐོབ་དཀའ་བའི་གོ་སྐབས་ཤིག་མཁོ་སྤྲོད་བྱས་པ་དང་། འདིས་ང་ཚོའི་མིག་རྒྱ་བསྐྱེད་དུ་བཅུག་པར་མ་ཟད་མཐོང་རྒྱའང་ཆེ་རུ་ཕྱིན་ཡོད་ཅིང་། དེ་བས་ཀྱང་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་མོའི་དྲོད་ཁོལ་དང་ཏང་དང་སྲིད་གཞུང་གི་སེམས་ཁུར་དང་བྱམས་སྐྱོང་ཚོར་དུ་བཅུག ང་ཚོས་རང་ཉིད་ཀྱི་དམིགས་བསལ་གྱི་ཐོབ་ཐང་བེད་སྤྱད་ནས“རྒྱལ་གཅེས་ཆོས་གཅེས”འོད་མདངས་འཚེར་དུ་འཇུག་རྒྱུ་དང་མི་རབས་ནས་མི་རབས་བར་དུ་རྒྱུད་འཛིན་བྱེད་རྒྱུ་ཡིན། དེ་མིན་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་།  རྒྱལ་སྐྱོང་དམངས་ཕན་དང་རང་འགུལ་གྱིས་ན་གཞོན་དགེ་འདུན་པ་རྣམས་ལ་སློབ་གསོ་ཡག་པོ་རྒྱག་དགོས་པ་དང་། བཀྲ་ཤིས་ལྷུན་པོ་དགོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་མུ་མཐུད་དུ་དར་སྤེལ་དང་། ཆོས་ལུགས་འཆམ་མཐུན་དང་བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

རྩོམ་སྒྲིག་པ། སངས་སྐྱབས།