ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཐད་སྐུལ་འདེད་བཏང་ནས་ལས་ཀར་ཞུགས་ཁྱོན་ཆེ་རུ་གཏོང་རྒྱུ་རེད།

སྤེལ་དུས 2019-03-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ རྩོམ་པ་པོ། པད་མས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2019ལོའི་སྲིད་གཞུང་ལས་དོན་སྙན་ཞུའི་ནང་ཐོག་དང་པོར་ལས་ཞུགས་སྔོན་ཐོབ་བྱེད་པའི་སྲིད་ཇུས་དེ་སྤྱི་ཁོག་གི་སྲིད་ཇུས་ངོས་ཐད་དུ་བཞག་སྟེ། ངེས་པར་དུ་ལས་ཞུགས་བྱ་རྒྱུ་དེ་སྔར་ལས་མངོན་གསལ་ཆེ་བའི་གནས་སུ་འཇོག་དགོས་པ་ནན་བཤད་བྱས། ལས་ཞུགས་དེ་སློབ་གྲྭ་ཐོན་པའི་སློབ་ཆེན་པ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། སྔར་ནས་བཟུང་མཐོ་སློབ་ཁག་ནས་དོ་ཁུར་བྱེད་ས་གཙོ་བོ་ཞིག་ཡིན།
            ཝེ་ཆུའི་འགྲམ་གྱི་གནའ་བོའི་རྒྱལ་ས་ཞན་དབྱང་དུ་ཆགས་པའི་་བོད་ལྗོངས་མི་རིགས་སློབ་ཆེན་ནི་བོད་ལྗོངས་ཀྱི་མཐོ་རིམ་སློབ་གསོའི་གསོ་སྐྱོང་བྱ་ཡུལ་དང་། ཆེད་ལས་ཤེས་ལྡན་པ་སྐྱེད་སྲིང་བྱེད་སའི་རྟེན་གཞི་ཡིན་ཞིང་། ཚན་རིག་ཞིབ་འཇུག་དང་རིག་གནས་རྒྱུན་འཛིན་གསར་གཏོད་ཀྱི་ལས་སྟེགས་གལ་ཆེན་ཞིག་ཀྱང་ཡིན། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སློབ་མའི་ལས་ཞུགས་ལས་དོན་ལ་གཙིགས་མཐོང་ཆེན་པོ་བྱེད་པ་དང་། སློབ་གྲྭ་བཙུགས་ནས་ལོ་ངོ60 འཁོར་རིང་། རྒྱལ་ཁབ་ལ་རིགས་སྣ་མང་གི་ཕུལ་བྱུང་ཤེས་ལྡན་མི་སྣ་ཁྲི་བརྒྱད་ལྷག་གསོ་སྐྱོང་བྱས་ཤིང་། དེའི་ནང་ནས་ཁྱད་དུ་འཕགས་པའི་ཤེས་ལྡན་པ་མང་པོ་ཡོད་པ་དང་།ཁོ་ཚོས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་ནང་ཧུར་ཐག་སྒོས་ལས་ཀ་སྒྲུབ་ཀྱིན་ཡོད། 
རི་མོ་འདི་ནི་བོད་ལྗོངས་མི་རིགས་སློབ་ཆེན་ནོར་དཔལ་སློབ་གླིང་གིས2019 ལོར་སློབ་ཐོན་སློབ་མའི་ལས་བསྡུ་ཚོགས་འདུ་ཐེངས་དང་པོ་སྤེལ་བའི་རྣམ་པ་རེད།
            2019 ལོའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། བོད་ལྗོངས་མི་རིགས་སློབ་ཆེན་ནོར་དཔལ་སློབ་གླིང་གིས་ཆེད་མངགས་ཀྱི་ལས་ཞུགས་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་སྣ་མང་རང་བཞིན་གྱི་ལས་ཞུགས་ཀྱི་བསམ་ཕྱོགས་བཏོན་པ་དང་། དུས་རིམ་ཁག་གི་ལས་ཞུགས་ཀྱི་གཙོ་གནད་དམིགས་ཚད་ཁ་གསལ་བྱས་ཏེ་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་ལས་ཁུངས་དེ་ལས་ཞུགས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་བཟུང་། རྨང་གཞི་འདིའི་ཐོག་བོད་ལྗོངས་མི་རིགས་སློབ་ཆེན་ནོར་དཔལ་སློབ་གླིང་གིས་རང་འགུལ་ངང་མཉམ་ལས་ཁེ་ལས་དངའབྲེལ་གཏུག་བྱ་བར་ཤུགས་སྣོན་དང་། “ བོད་ལྗོངས་མི་རིགས་སློབ་ཆེན་དང་ལྷ་ས་གྲོང་ཁྱེར་གྱི་མཐོ་གསར་ལག་རྩལ་ཁུལ་གྱི་སྤྱི་ཁྱབ་པུའུ་ཡི་དཔལ་འབྱོར་དེང་རབས་ཞབས་ཞུའི་ཐོན་ལས་ཀྱི་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་འཐབ་ཇུས་གྲོས་མཐུན”ཧུར་ཐག་སྒོས་དོན་འཁྱོལ་བྱས་ཏེ།  སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་འབད་པ་ཆེན་པོས་རྒྱ་བསྐྱེད་དང་། གཞན་དབང་ལས་ཞུགས་དེ་རང་དབང་ལས་ཞུགས་སུ་བསྒྱུར་ཏེ་བོད་ལྗོངས་ཀྱི་ཕུལ་བྱུང་ཐན་ཁྲེང་རྩིས་པའི་ལས་གཉེར་ཁང་དང་། ཡུང་ཡིའུ་མཉེན་ཆས་ཀྱི་ལྷ་ས་ཀུང་སི། ལྷ་ས་ལྷུན་གྲུབ་རྫོང་ནོར་སྲིད་ཞབས་ཞུའི་ཚོམས་ཆེན་གསུམ་པོ་བཅས་ལྗོངས་ནང་ཁུལ་གྱི་ལས་ཁུངས་སུ་གནས་གཏན་འཁེལ་གྱིས་དཔལ་འབྱོར་ནོར་དཔལ་སློབ་གླིང་དཔལ་འབྱོར་ཆེད་ལས་ཀྱི་སློབ་མ15 བསྡུ་ལེན་བྱེད་པའི་འཆར་གཞི་ཐོབ་པ་རེད།
རི་མོ་འདི་ནི་བོད་ལྗོངས་མི་རིགས་སློབ་ཆེན་ནོར་དཔལ་སློབ་གླིང་གིས2019 ལོའི་སློབ་ཐོན་སློབ་མའི་ལས་བསྡུའི་ཚོགས་འདུ་ཐེངས་དང་པོ་འཚོགས་པའི་རྣམ་པ་རེད།
            དེ་དང་དུས་མཚུངས་སུ། ལས་ཞུགས་དགེ་རྒན་གྱི་དྲིལ་བསྒྲགས་ཤུགས་ཆེན་འོག  སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་བསམ་གཞིར་འགྱུར་བ་བྱུང་སྟེ་མི་ཚང་མས་འཚང་ཁ་ཤིག་ཤིག་གིས་ད་ཐེངས་ཀྱི་ལས་མི་བསྡུ་བའི་ནང་མིང་ཐོ་བཀོད་ནས་རྒྱུགས་སྤྲད་པ་དང་།  ནོར་སྲིད་སློབ་གླིང་གིས་དེའི་ནང་ནས་སློབ་ཐོན་སློབ་མ37འོས་བདམས་བྱས་ཤིང་། ཟླ2པའི་ཟླ་མཇུག་ཏུ་ལས་མི་བསྡུ་བའི་ལས་ཁུངས་ཕྱོགས་གསུམ་པོས་ངོ་རྒྱུགས་ལས་དོན་ལེགས་གྲུབ་ཟིན་ཏེ་སློབ་ཆེན་སློབ་མ་བཅུ་གསུམ་བསྡུ་ལེན་བྱས་པ་རེད།
རི་མོ་འདི་ནི་ངོ་རྒྱུགས་ཀྱི་ཡུལ་དངོས་རེད།
            བོད་ལྗོངས་མི་རིགས་སློབ་ཆེན་ནོར་དཔལ་སློབ་གླིང་གི་གླིང་གཙོ་ཁྲེན་ཨའེ་ཏུང་གིས་བཤད་རྒྱུར། ནོར་སྲིད་སློབ་གླིང་གིས་མུ་མཐུད་དུ་བོད་ལྗོངས་མི་རིགས་སློབ་ཆེན་གྱི2019ལོའི་ལས་ཞུགས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། སློབ་གྲྭའི་སློབ་བསྡུ་ལས་ཞུགས་སྡེ་ཁག་སོགས་འགན་ནུས་སྡེ་ཚན་གྱི་རྒྱབ་སྐྱོར་འོག དགེ་རྒན་རེ་རེའི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཇུས་ཤུགས་མཉམ་འདོན་གྱིས་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ཆེད་དུ་ནུས་མཐོའི་ཁྲིད་སྟོན་དང་ཞབས་ཞུ་མཁོ་སྤྲོད་བྱེད་རྒྱུ་ཡིན་ཞེས་བཤད།
རྩོམ་སྒྲིག་པ། སངས་སྐྱབས།